སྤེན་པ། ཚེ་རིང་། དེ་རིང་ཁྱེད་ཀྱིས་ཁྲོམ་ནས་ག་རེ་ཉོས་ཡོད། ང་ལ་སྟོན་དང་།
ཚེ་རིང་། འདིར་ལྟོས་དང་། ངས་གྱོན་ཡོད། གང་འདྲ་འདུག་གམ།
སྤེན་པ། སྟོད་གོས་དེ་ཚོས་གཞི་གཞན་ཞིག་མི་འདུག་གམ།
ཚེ་རིང་། སྟོད་གོས་གཅིག་ལས་ལྷག་མི་འདུག སྙིང་རྗེ་པོ་མི་འདུག་གམ།
སྤེན་པ། ཁྱེད་རང་གི་སྣང་བར་ཕྱིན་ཡོད་ན་མ་གཏོགས། ངས་བལྟས་ན་ཁྱད་མཚར་ཞིག་མཐོང་གི་འདུག སྟོད་གོས་དེ་ལ་རིན་པ་ག་ཚོད་གནས་སོང་།
ཚེ་རིང་། ཁྱེད་ཀྱིས་ཚོད་དཔག་བྱོས་དང་། ཡ་གི་ཐོག་བརྩེགས་ལྔ་ཅན་གྱི་ཚོང་ཁང་ཆེན་པོ་དེ་ནས་ཉོས་པ་ཡིན།
སྤེན་པ། བྱས་ན། སྒོར་ཉིས་སྟོང་གནས་ཡོད་ཤག་རེད།
ཚེ་རིང་། ཐིག་སོང་། དེ་ག་རང་རེེད། རིན་གོང་ཆེ་ཆུང་གང་འདྲ་བྱུང་འདུག་གམ།
སྤེན་པ། གོང་ཆེ་དྲགས་འདུག
ཚེ་རིང་། སྟོད་གོས་དེ་ལ་གོང་ཆེན་པོ་ཞེ་དྲག་མ་རེད། ད་དུང་སྒོར་ཆིག་སྟོང་ཆག་ཡང་རེད་འདུག
སྤེན་པ། དེ་འདྲ་ཡིན་ན་ཨའུ་ཙི་རེད། ཚེ་རིང་། སྐབས་ཡག་པོ་ཁེལ་བ་རེད། སྔོན་མ་ནས་ངས་སྟོད་གོས་དེ་འདྲ་ཞིག་ཉོ་དགོས་དྲན་པ་ནང་བཞིན་རག་བྱུང་།
སྤེན་པ། བྱས་ན། ཁྱེད་ཀྱི་བསམ་དོན་གྲུབ་འདུག་ག
ཚེ་རིང་། ད་ངའི་བློ་ཡིད་རྦད་དེ་ཚིམས་སོང་།
སྤེན་པ། ངས་བལྟས་ན། ཁྱེད་རང་ལ་སྟོད་གོས་དེ་ངེས་པར་དུ་དགོས་ཀྱི་རེད་བསམ་གྱི་མི་འདུག གང་ཡིན་ཟེར་ན། དབྱར་ཁ་ཤར་གྲབས་འདུག