ཆོས་བཟང་རྟ་མང་། འཛིན་གྲྭ་བཅུ་པ།
ཀ་སྦུག་སཾ་བྷོ་ཊ་གཏན་སློབ།

གྲུ་འཛིན་ཕོ་བྲང་རྩེ་མོ་ནས། ། དྲོ་འཇམ་གསེར་གྱི་ཉི་མ་ཤར། །

དེ་ཉིད་ཉི་མ་མ་ཡིན་ལ། ། ཁོང་གི་མཁྱེན་པའི་འོད་ཟེར་ཡིན། །

འཛམ་གླིང་ཞི་བདེའི་དེད་དཔོན་མཆོག། ། མི་རིགས་དབྱེ་བ་མེད་པ་ལ། །

བྱམས་བརྩེའི་བཀའ་སློབ་གནང་བའི་དུས། ། འཛམ་གླིང་འགྱུར་བ་ཆེན་པོ་ཕྱིན། །

གནམ་ལ་འཇའ་ཚོན་ཤར་བའི་ཚེ། ། བླ་མའི་འཛུམ་ལྡན་ཞལ་རས་མཇལ། །

ཞལ་རས་འཛུམ་ལྡན་མཇལ་བའི་དུས། ། བདག་བློའི་མུན་པ་རབ་ཏུ་བསལ། །

བོད་ལྗོངས་གངས་རིའི་ཡུལ་དེ་ལ། ། ནོར་བུ་མི་འདུག་མ་གསུངས་དང། །

༸སྐྱབས་མགོན་ཡིད་བཞིན་ནོར་བུ་སྟེ། ། ནོར་བུ་མེད་ན་གང་རེད་ཨང། །

ཨེ་མ་བྱང་ཆུབ་སེམས་པ་ཁྱེད། ། དགུང་གྲངས་དགུ་བཅུར་ཕེབས་པ་ལ། །

སློབ་ཆུང་ང་ཚོས་སྒོ་གསུམ་ནས། ། དགའ་བའི་བཀྲ་ཤིས་སྨོན་ཚིག་བརྗོད། །

སྐུ་ནི་རྡོར་སེམས་དབྱེར་མེད་པ། ། གསུང་ནི་བདུད་རྩི་དྲུག་ཅུའི་དབྱངས། །

ཐུགས་ནི་འོད་དཀར་སྙིང་རྗེ་ལྡན། ། ༸གོང་ས་མཆོག་ལ་ཡང་ཡང་འདུད། །

བྱམས་དང་སྙིང་རྗེའི་བདག་ཉིད་ཅན། ། ཆོས་སྲིད་བོད་མིའི་དབུ་འཁྲིད་པ། །

ཐོས་བསམ་ཏིང་འཛིན་རྒྱན་གསུམ་རྣམས། ། ༸སྐྱབས་མགོན་ཆེན་པོའི་ཆོ་འཕྲུལ་ཡིན། །

ཨེ་མ་༸གོང་ས་༸སྐྱབས་མགོན་མཆོག། ། རང་གི་བཀའ་དང་ལམ་སྟོན་རྣམས། །

ང་ཚོས་མ་བརྗེད་སེམས་བཅངས་ནས། ། ལག་ལེན་གང་ཐུབ་བྱ་རྒྱུ་ཡིན། །

ཨེ་མ་༸སྐྱབས་མགོན་ཆེན་པོ་མཆོག། ། ཁྱེད་ཀྱི་བཀའ་དང་ལམ་སྟོན་རྣམས། །

ང་ཚོ་སློབ་ཕྲུག་ཡོངས་ཀྱིས་ནི། ། ལག་ལེན་ལེགས་པར་བསྒྲུབ་པར་བྱ། །

ཕོ་བྲང་མིག་ལ་རབ་མཛེས་པ། ། དེ་ནང་མགོན་པོ་གང་ཉིད་མཆོག། །

བཞུགས་པའི་སྐལ་བཟང་ཉིན་མོ་དེ། ། མྱུར་དུ་ཤར་བའི་སྨོན་འདུན་ཞུ། །

ཨེ་མ་༸སྐྱབས་མགོན་ཐུགས་རྗེ་ཆེ། ། ཨེ་མ་༸སྐྱབས་མགོན་བཀའ་དྲིན་ཆེ། །

རང་གི་ལམ་སྟོན་ཡོངས་ཁྱབ་ཤོག།། ཕྱོགས་ཀུན་བྱམས་བརྩེས་ཁྱབ་པར་ཤོག།།

བླ་མ་སྐུ་ཁམས་བཟང་བའི་གསོལ་བ་འདེབས། ། ཆོས་སྐུ་སྐུ་ཚེ་རིང་བའི་གསོལ་བ་འདེབས། །

ཕྲིན་ལས་དར་ཞིང་རྒྱས་པའི་གསོལ་བ་འདེབས། ། འགྲོ་བ་ཀུན་ལ་ཐུགས་རྗེས་བྱིན་གྱིས་རློབས། །