བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་བཅུ་པ།
ཀ་སྦུག་སཾ་བྷོ་ཊ་གཏན་སློབ།
༸གོང་ས་༸སྐྱབས་མགོན་ཆེན་པོ། ། དགུང་གྲངས་དགུ་བཅུར་ཕེབས་པའི། །
གོ་སྟོན་རྟེན་འབྲེལ་དེ་ལ། ། བཀྲ་ཤིས་བདེ་ལེགས་ཞུས་ཡོད། །
བོད་ལྗོངས་ཁ་བའི་ཡུལ་ལ། ། དཀའ་སྡུག་ཚད་མེད་མྱོང་སྐབས། །
ལམ་སྟོན་ལེགས་པར་གནང་མཁན། ། ༸སྐྱབས་མགོན་ཁྱེད་རང་ཡིན་ནོ། །
རང་དབང་མེད་པའི་ཡུལ་འདིར། ། སྡུག་བསྔལ་མང་བའི་དུས་ལ། །
སྐྱིད་པའི་ཉི་མ་ཤར་མཁན། ། ཡིད་བཞིན་ནོར་བུ་ཡིན་ནོ། །
བཙན་བྱོལ་བོད་མི་རྣམས་ཀྱི། ། སྐད་དང་རིག་གཞུང་སོགས་ལ། །
སྲུང་སྐྱོབ་སློབ་སྟོན་གནང་མཁན། ། ༸ཏཱ་ལའི་བླ་མ་ཡིན་ནོ། །
གཞིས་བྱེས་བོད་མིའི་དབུ་ཁྲིད། ། འཛམ་གླིང་ཞི་བདེ་སྤེལ་མཁན། །
དྲིན་ཅན་ཕ་ལས་ལྷག་པ། ། བླ་མ་ཁྱེད་རང་ཡིན་ནོ། །
༸སྐྱབས་མགོན་ཁྱེད་ཀྱིས་གསུངས་པའི། ། བསླབ་བྱ་གསུང་གི་བདུད་རྩི། །
བྱམས་དང་བརྩེ་བ་དེ་རྣམས། ། ནམ་ཡང་བརྗེད་ཐབས་མེད་དོ། །
འགྲོ་བ་མི་རིགས་ཡོངས་ལ། ། ཕན་པའི་བཀའ་སློབ་བཟང་པོ། །
རྒྱུན་མི་ཆད་པར་གནང་བ། ། བཀའ་དྲིན་ཆེན་པོ་ཡིན་ནོ། །
སྙིང་རྗེ་ལྡན་པའི་བླ་མ། ། ཚང་མར་ཕན་སེམས་བྱེད་ཅིང། །
གཞིས་བྱེས་བོད་མི་ཡོངས་ཀྱི། ། རྩ་བའི་བླ་མ་ཁྱེད་ཉིད། །
ཁྱེད་ཀྱིས་ཐུགས་བསྐྱེད་དམ་བཅའ། ། རྣམ་གྲངས་བཞི་ཡི་སྒོ་ནས། །
འཛམ་གླིང་སྐྱེ་འགྲོ་ཡོངས་ལ། ། བྱམས་དང་སྙིང་རྗེ་སྤེལ་ཡོད། །
བདག་གི་རྩ་བའི་བླ་མ། ། ༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ། །
སྐུ་ཚེ་ཡུན་རིང་བརྟན་པའི། ། གསོལ་བ་སྨོན་ལམ་འདེབས་སོ། །

ད་བར་དཔྱད་མཆན་མེད།