བཀྲ་ཤིས་དབྱངས་འཛོམས། འཛིན་གྲྭ་དྲུག་པ།
ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭ།

ཕྱི་་ལོ་ ༢༠༢༥ ཟླ་བ ༡༡ ཚེས་ ༢ རེས་གཟའ་སྤེན་པ། དེ་རིང་གུས་མོས་ང་ཚོའི་སློབ་གྲྭ་ཅོན་ཏཱ་ར་ལ་གོ་སྟོན་སྲུང་བརྩི་གང་འདྲ་ཞུས་པ་དེ་དག་རེ་རེ་བཞིན་བྲི་རྒྱུ་ཡིན།

དང་པོ། འདི་ལོར་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་དེ་དམིགས་བསལ་ཞིག་གི་ཐོག་ནས་སྲུང་བརྩི་ཞུས་ཡོད་རེད། གང་ཡིན་ཟེར་ན། འདི་ལོར་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ཀྱི་ཡོད་ཙང་གོ་སྟོན་སྲུང་བརྩི་དང་འབྲེལ་ནས་སློབ་ཕྲུག་ཚང་མས་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་དེ་ལ་དགའ་དགའ་སྤྲོ་སྤྲོའི་ངང་སྲུང་བརྩི་ཞུ་བ་དང་ཆབས་ཅིག་འདི་ལོར་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་དེར་གོ་སྟོན་དང་འབྲེལ་ནས་བོད་མི་ཚོས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། ཞོགས་པ་ཆུ་ཚོད་དགུ་པའི་ཐོག་མཛད་སྒོ་དབུ་འཛུགས་ཏེ། ཡངས་ཤིང་གཙང་བའི་སློབ་གྲྭའི་ཚོགས་ཁང་དུ་དགེ་རྒན་དང་སློབ་ཕྲུག་རྣམས་དང་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་མཆོག་དང་ཁྱིམ་ཚང་ཨ་མ་ལགས་དབུ་བཞུགས་ཐོག་ང་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་ཡིན། ཐོག་མར་སློབ་གྲྭའི་སློབ་སྤྱི་དང་ས་གནས་འགོ་འཛིན་གྱིས་༸གོང་ས་མཆོག་གི་སྐུ་པར་མདུན་དུ་བཅར་ནས་ཕྱག་འཚལ་བ་དང་མཆོད་མེ་སྤར་སོང་། དེའི་རྗེས་ང་ཚོ་ཅོན་ཏཱ་ར་བོད་ཁྱིམ་སློབ་ཕྲུག་ནས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་བའི་ཚིགས་བཅད་འབུལ་ལམ་ཞུས་པ་དང་། གུས་མོ་ང་རང་གིས་༸གོང་ས་མཆོག་དང་འབྲེལ་བའི་སྙན་ཚིག་བསྐྱོར་བ་ཡིན། ད་དུང་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་གཞས་དང་ཞབས་བྲོ་སྣ་ཚོགས་འཁྲབས་ཡོད། དེ་མ་ཟད་ཁྱིམ་ཚང་ཨ་མ་ལགས་ཚོས་ང་ཚོ་ལ་འབྲས་སིལ་དང་བོད་ཇ་གནང་སོང་། ང་ཚོའི་ཨ་མ་ལགས་ཀྱིས་བོད་ཇ་ཧ་ཅང་ཞིིམ་པོ་བཟོས་ཡོད་པ་མ་ཟད་ཨ་མ་ལགས་ཀྱིས་བཟོས་གནང་བའི་འབྲས་སིལ་ནི་དེ་ལས་ཞིམ་པ་འདུག ང་ཚོས་འབྲས་སིལ་མ་བཟའ་སྔོན་ལ་སློབ་སྤྱི་མཆོག་དང་ས་གནས་འགན་འཛིན་གཙོས་པའི་སློབ་ཕྲུག་ཆ་ཚང་གིས་མཆོད་པ་ཕུལ་བ་ཡིན། དེའི་རྗེས་ང་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཇ་བོད་ཇ་བཏུང་བ་ཡིན། མཐའ་མ་དེར་ང་ཚོའི་སློབ་སྤྱི་མཆོག་གིས་༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་ནས་བཀའ་སློབ་གནང་བ་དེ་༸གོང་ས་མཆོག་དང་འབྲེལ་བའི་བཀའ་སློབ་གནང་སོང་བས་ང་ཚོས་ཧུར་ཐག་ཉན་པ་ཡིན། སློབ་སྤྱིའི་བཀའ་སློབ་ཀྱི་ནང་དོན་གཙོ་བོ་ནི་༸གོང་ས་མཆོག་གི་བཀའ་ལ་ཉན་རྒྱུ་དང་བརྩི་རྒྱུ་ཡིན་པ་མ་ཟད་ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དེ་ང་ཚོས་ཤེས་དགོས་པའི་སྐོར་རེད་འདུག

གཉིས་པ། འདི་ལོར་བོད་ཁྱིམ་ཅོན་ཏཱ་རའི་བོད་ཡིག་སྡེ་ཚན་ངོས་ནས་གོ་སྟོན་གྱི་ཆེད་དམིགས་བསལ་གྱི་བོད་ཡིག་དུས་དེབ་ཞིག་བཏོན་གནང་སོང་། ང་ཚོའི་བོད་དགེ་རྣམས་ཀྱིས་༸གོང་ས་མཆོག་དང་འབྲེལ་བའི་ཚིགས་བཅད་ལེགས་པ་རྣམས་བདམས་ནས་དེར་བཅུག་པ་དང་དེ་ལ་རྔན་པ་ཡང་སྤྲད་སོང་། ང་ཚོར་ཚིགས་བཅད་བྲི་རྒྱུའི་གོ་སྐབས་རག་དུས་ང་དང་ངའི་མཛའ་བརྩེ་ལྡན་པའི་གྲོགས་མོ་ཁག་གིས་བྲིས་བའི་ཚིགས་བཅད་རྣམས་ཡང་བསྐྱར་བཀླགས་ནས་ནོར་བཅོས་བྱས་ཙང་ང་དང་ངའི་གྲོགས་མོ་གཉིས་ཀའི་ཚིགས་བཅད་དེ་དག་བདམས་འདུག བྱས་ཙང་ང་གཉིས་སེམས་པ་ཧ་ཅང་དགའ་པོ་བྱུང་། དེ་བཞིན་དྷ་སྟེང་བོད་ཁྱིམ་གྱི་དུས་དེབ་ལ་ཡང་དེ་ལྟར་གནང་ཡོད། ང་ཚོའི་བོད་དགེ་བསོད་ནམས་མཚོ་ལགས་ཀྱིས་ང་ཚོར་རྩོམ་འབྲི་རུ་བཅུག་སོང་། ང་ཚོའི་རྩོམ་ཡག་པོ་རྣམས་བདམས་ཏེ་དྷ་སྟེང་བོད་ཁྱིམ་གྱི་གོ་སྟོན་དུས་དེབ་ཆེད་དུ་བཏང་སོང་། འཛིན་རིམ་དྲུག་པ་ནས་འདེམས་སྒྲུག་བྱས་པའི་སློབ་ཕྲུག་གི་རྩོམ་ནི་གུས་མོ་ང་རང་གི་རྩོམ་དེ་རེད་འདུག། ནམ་རྒྱུན་ལྟར་ང་རང་རྩོམ་བྲི་རྒྱུར་དགའ་པོ་ཡོད། འདི་ལོར་༸སྐུའི་གོ་སྟོན་ཡིན་ཙང་ང་ཚོའི་རྩོམ་གྱི་བརྗོད་གཞི་ནི་༸གོང་ས་མཆོག་དང་འབྲེལ་བའི་སྐོར་ཡིན།

གསུམ་པ། བོད་ཁྱིམ་ཅོན་ཏཱ་རའི་ནང་༸སྐུའི་གོ་སྟོན་དང་འབྲེལ་བའི་མཛད་རིམ་མང་པོ་སྲུང་བརྩི་ཞུས་ཡོད་ཀྱང་། ང་ཚོའི་འཛིན་གྲྭའི་ངོས་ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་ཉིན་མོར་བྱམས་བརྩེ་དང་སྙིང་རྗེ། ལྷག་བསམ་བཅས་ཀྱི་སྐོར་ལ་ང་ཚོས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད་དེ་དང་འབྲེལ་བའི་ང་ཚོས་རི་མོ་ཡང་བྲིས་ཡིན། དེ་ག་ནང་བཞིན་དྲུག་པ་གསེར་ཉའི་སློབ་ཕྲུག་ཚོས་༸གོང་ས་མཆོག་གྱི་བཀའ་དྲིན་རྗེས་དྲན་ལ་ཚིགས་བཅད་ཁག་ཕུལ་ཡོད། དེ་ལྟར་ང་ཚོའི་འཛིན་གྲྭ་གཅིག་པུ་མིན་པར་འཛིན་གྲྭ་གཞན་གྱིས་ཀྱང་དེ་ལྟར་གནང་ཡོད། དབྱར་ཁའི་དུས་ཚིགས་སྐབས་ཉིན་རྒྱབ་ཚུ་ཚོད་གཉིས་དང་ཕྱེད་ཀ་ནས་བཞི་པ་བར་ང་ཚོས་བོད་ལྗོངས་ང་ཚོའི་ཕ་ཡུལ་ཆེད་༸གོང་ས་མཆོག་དང་འབྲེལ་བའི་རི་མོ་བྲིས་པ་དང་དེར་འགྲེལ་བརྗོད་སྦྱོང་བརྡར་བྱེད་ཀྱི་ཡོད། ཕུ་གུ་ཁག་ཅིག་གིས་གློག་ཀླད་ཁང་དུ་ཕྱིན་ནས་བརྗོད་གཞི་དང་འབྲེལ་བའི་རི་མོ་དང་དེའི་སྐོར་འཚོལ་གྱི་ཡོད། ང་ཚོ་འཛིན་རིམ་དྲུག་པ་བུམ་པས་དཀའ་ལས་ཧུར་ཐག་བརྒྱབ་པ་ལ་བརྟེན་ནས་ང་ཚོའི་གཏམ་བཤད་དེ་ཧ་ཅང་ཚགས་ཚུད་པོ་བྱུང་སོང་།

བཞི་པ། འདི་ལོར་ང་ཚོས་ཕྱི་ཟླ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་ཧིན་རྡིའི་ངག་རྩལ་འགྲན་བསྡུར་བྱས་པ་རེད། འཛིན་རིམ་དྲུག་པ་ནས་བརྒྱད་པའི་སློབ་ཕྲུག་ཚོས་མཉམ་ཞུགས་བྱས་པ་རེད། འཛིན་རིམ་དྲུག་པ་ནི་༸གོང་ས་མཆོག་ལ་བསྟོད་པའི་སྙན་ཚིག་བསྐྱོར་ཡོད་པ་དང་། འཛིན་རིམ་བདུན་པས་༸གོང་ས་ཏཱ་ལའི་བླ་མ་དང་འབྲེལ་བའི་གཏམ་བརྗོད་འཁྲབས་པ་མ་ཟད། འཛིན་རིམ་བརྒྱད་པ་ཚོས་༸གོང་ས་མཆོག་དང་འབྲེལ་བའི་གཏམ་བཤད་གནང་པ་རེད། ང་ཚོ་འཛིན་རིམ་དྲུག་པ་བུམ་པའི་དགེ་རྒན་གྱིས་སློབ་ཕྲུག་ཁག་གསུམ་བདམས་པ་དང་གཅིག་ནི་ང་རང་དང་གཞན་གཉིས་ནི་ངའི་འཛིན་གྲོགས་ཡིན། ང་ཚོའི་ཧིན་རྡི་ངག་རྩལ་ཉིན་མོར་ང་ཚོས་སྙན་ཚིག་རྣམས་ཧ་ཅང་ཡག་པོ་སྦྱངས་པ་མ་ཟད། ང་ཚོའི་ཧིན་རྡི་རྒན་ལགས་ཀྱིས་སྐུ་ལས་ཧུར་ཐག་བསྐྱོན་ཡོད། ངས་ཧིན་རྡི་སྦྱོང་བའི་དུས་སུ་ང་རང་ནི་ཧིན་རྡི་ད་ལོ་ཐེངས་དང་པོ་སྦྱང་གི་ཡོད། ཡིན་ཡང་ངའི་འཛིན་གྲོགས་གཉིས་ཀྱི་སྔ་ས་ནས་ཤེས་ཀྱི་ཡོད་ཙང་། ངའི་སེམས་ལ་ཧ་ཅང་གི་དངངས་སྐྲག་ཆེན་པོ་ཞིག་སྐྱེས་བྱུང་། ཡིན་ཡང་ངའི་འབད་བརྩོན་ཧུར་ཐག་བྱས་པ་ལ་བརྟེན་ནས་ངས་ཨང་དང་པོའི་བྱ་དགའ་བླངས་ཐུབ་སོང་། དེ་དུས་ང་རང་སེམས་ཧ་ཅང་དགའ་སོང་།

ལྔ་པ། ང་ཚོའི་སློབ་གྲྭའི་ལོ་འཇུག་གི་མཛད་རིམ་དེ་ནི་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཡིན། སྐབས་དེར་ང་ཚོས་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་ཕུལ་བ་རེད། བསྟོད་གླུ་དེ་ནི་ང་ཚོའི་གཞས་དགེ་རྒན་གཞན་ཕན་ལགས་དང་རྒན་ཐོ་ར་ལགས་ཀྱིས་བརྩམས་གནང་བ་རེད། ཉེ་ཆར་༸གོང་ས་མཆོག་ལ་བསྟོད་གླུ་དེ་སློབ་ཕྲུག་ཁག་ཞིག་གིས་ལ་དྭགས་བོད་ཁྱིམ་ལ་ཕྱིན་ནས་བཏང་བ་རེད། ཅོན་ཏཱ་རའི་བོད་ཁྱིམ་སློབ་གྲྭའི་རྩེད་འགྲན་སྐབས་དེར་སློབ་གྲྭའི་མདུན་ཐང་དུ་སློབ་ཕྲུག་ཆུང་བ་རྣམས་ཀྱིས་ཕྱག་ལ་མེ་ཏོག་སྣ་ཚོགས་དང་ཁ་བཏགས་བཟུང་ནས་བསྟོད་གླུ་བཏང་བ་རེད། ང་ཚོས་འཛུམ་མུལ་མུལ་ངང་བསྟོད་གླུ་བཏང་བ་རེད། བསྟོད་གླུ་དེ་ནི་ཧ་ཅང་གོ་རྒྱུ་ཡག་པོ་དང་ཧ་ཅང་སྙན་པོ་ཡོད། ང་ཚོའི་བསྟོད་གླུ་གཏོང་བའི་དུས་སུ་ཕྱི་ནས་ཕེབས་པའི་ཕ་མ་རྣམས་ཀྱིས་ཁ་པར་ནས་པར་བརྒྱབ་པ་དང་བརྙན་ཐུང་བཟོས་སོང་། ངས་བསྟོད་གླུ་དེ་གཏོང་དུས་སེམས་ལ་བདེ་སྐྱིད་དང་ཡིད་དབང་འཕྲོག་པའི་སྣང་བ་ཤར་སོང་། ཡིན་ཡང་ང་ཚོས་ཉི་མ་ཚ་བོའི་ནང་སྦྱོང་བའི་སྐབས་སུ་དཀའ་ལས་ཁག་པོ་དང་ཉོབ་ནང་མང་པོ་བྱུང་སོང། ང་ཚོའི་དུས་རྒྱུན༸གོང་ས་མཆོག་ལ་སྙན་ཚིག་འབུལ་གྱི་ཡོད། ད་ལོ་གོ་སྟོན་དང་སྟབས་སྟུན་ནས་དམིགས་བསལ་གྱི་བསྟོད་གླུ་ཞིག་འབུལ་ལམ་ཞུས་པ་ཡིན། མཐར་འདི་ལོར་ང་ཚོ་བོད་ཁྱིམ་ཅོན་ཏཱ་ར་སློབ་གྲྭ་ལ་གོ་སྟོན་སྲུང་བརྩི་ཡག་པོ་ཞུས་ཐུབ་པར་བརྟེན་གུས་མོ་ཧ་ཅང་དགའ་པོ་བྱུང་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ།།
ཁྱེད་ཀྱི་འཁྲུངས་སྐར་ཉིན་མོར།།
གོ་སྟོན་སྲུང་བརྩི་ཞུས་ནས།།
སྐུ་ཚེ་ཡུན་རིང་བརྟན་ཤོག།