བུ།           པ་ལགས། ང་ཚོའི་ཕ་ཡུལ་གང་རེད་དམ།
པ་ལགས།   བུ། ང་ཚོའི་ཕ་ཡུལ་བོད་རེད།
བུ།           ང་ཚོའི་ཕ་ཡུལ་རྒྱ་གར་མ་རེད་དམ།
པ་ལགས།   མ་རེད། དེ་ནི་ཁྱེད་ཀྱི་སྐྱེས་ཡུལ་ཡིན་པ་ལས་ཕ་ཡུལ་མ་རེད།
བུ།           འོ་ན། ང་ཚོ་ག་རེ་བྱས་ནས་ཕ་ཡུལ་ལ་སྡོད་ཀྱི་མེད།
པ་ལགས།   རྒྱ་དམར་གྱིས་བོད་ལུང་པ་བཙན་འཕྲོག་བྱས་ཙང་ང་ཚོ་རྒྱ་གར་ལུང་པར་བྲོས་ཡོང་བ་རེད།
བུ།           ང་ཚོའི་ཕ་ཡུལ་བོད་དེ་རྒྱ་ལག་ཏུ་ག་དུས་ཤོར་བ་རེད་དམ།
པ་ལགས།   ཕྱི་ལོ་ ༡༩༤༩ ལོར་བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱེད་འགོ་བཙུགས་ནས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་རེད།
བུ།          བོད་མི་ཚང་མ་རྒྱ་གར་དུ་ཡོད་དམ། པ་ལགས།   རྒྱ་གར་དུ་བོད་མི་ཁྲི་ཚོ་ཁ་ཤས་ལས་ཐར་ཐུབ་མེད། ད་དུང་གཞིས་ལུས་བོད་མི་མང་ཆེ་བ་རྒྱའི་འོག་ཚུད་ཡོད།
བུ།           བྱས་ན། ང་ཚོ་བོད་ལ་ག་དུས་ལོག་རྒྱུ་རག་གི་རེད་དམ།
པ་ལགས།   གལ་ཏེ་བོད་ལ་རང་དབང་ཐོབ་སོང་ན་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་ངེས་རེད། འཛོམས་བྱུང་ངེས་རེད།