པདྨ་རྡོ་རྗེ། འཛིན་གྲྭ་བཅུ་གཉིས།
རྫོང་སར་ཀནིཥྐ་སློབ་གྲྭ།

སྤང་ལྗོངས་ལྗང་ཞིང་རི་རབ་མཐོན་པོ་ཡོད་པའི་ང་ཡི་ཕ་ཡུལ་བོད།།
ནང་པའི་ཆོས་ལ་དད་པ་བྱེད་མཁན་ཡོད་པའི་ང་ཡི་ཕ་ཡུལ་བོད།།
ལྟ་ན་མཛེས་ཤིང་ཡིད་དུ་འོང་བ་ང་ཡི་ཕ་ཡུལ་བོད།།
ཞིང་ཁམས་ལྟ་བུའི་ཡུལ་ལུང་འདི་ནི་ང་ཡི་མ་འོངས་ཕ་ཡུལ་ཡིན།།

སྐྱིད་ལ་དགའ་བའི་གཏམ་བཟང་ཞིག་ནི་བོད་ལ་ག་དུས་ཤར་ན་བསམ།།
རྟག་ཏུ་འཁུར་གྱིས་འབད་པའི་སྨོན་ལམ་དུས་ནམ་ཞིག་ན་འགྲུབ་ན་བསམ།།
ཕ་མ་ནང་མི་ལྷན་འཛོམས་ཉིན་ནི་དེ་རིང་ཡིན་ནམ་སང་ཉིན་ཡིན།།
ང་ཡི་མ་འོངས་ཕ་ཡུལ་བོད་ནི་ཡིད་ལ་འཁོར་རྒྱུ་དེ་བས་མང་།།

མིག་གཉིས་བཙུམས་ཐེངས་རེ་ལ་བོད་ལ་སྣང་བའི་ཁྱབ་པའི་ཉིན་དེ་འཆར།།
གཞོན་ནུ་ཕོ་མོ་སྐྱིད་པའི་ཐོག་ནས་རང་གི་གཞུང་གླུ་ཧུར་གྱིས་ལེན།།
སྒོར་གཞས་ཞབས་བྲོ་སྐྱིད་པའི་མཉམ་གཞས་མ་ཎི་ཡིག་དྲུག་འདོན་པ་སོགས།།
མངོན་སུམ་ཉིད་དེ་ཡིན་ན་བསམས་ནས་རང་སེམས་དབང་མེད་མིག་ཆུ་ཤོར།།

འབྲོག་པའི་ལེན་པའི་འབྲོག་གླུ་དག་ནི་རིག་གཞུང་དག་གི་གླུ་གཞས་དང་།།
དགོན་པར་གྲྭ་པ་སློབ་གྲྭར་སློབ་ཕྲུག་མི་རྒན་ཕོ་མོ་ལ་སོགས་པ།།
མཁོ་བའི་གཤོག་རྩལ་སྦྱངས་བའི་བྱ་བཞིན་གནམ་མཁའི་མཐོངས་ལ་འཕུར་བ་འདོད།།
ལོ་ཟླ་མང་པོ་སྡུག་གིས་མནར་བའི་བོད་མི་ང་ཚོར་མེད་པ་མིན།།

སྟོན་པའི་སྐུ་ལ་མཆོད་པ་དང་ནི་ཁང་པའི་སྟེང་དུ་དར་ལྕོག་དང་།།
གྲྭ་པ་ཨ་ནེས་གྲྭ་ཆས་དག་ནི་དགོན་པའི་ནང་ལ་ཚོགས་པ་ཉིད།།
༸སྐྱབས་མགོན་ཆེན་པོའི་སྐུ་པར་དང་ནི་ནང་པའི་ལས་ལ་བརྩོན་པ་སོགས།།
ལས་ལ་བརྩོན་པས་བསྒྲུབས་པའི་ཉིན་དེ་མཐོང་བར་འགྱུར་ན་ཨེ་མ་ཧོ།།

ཞོགས་པའི་ཞོགས་ཇ་དགུང་གི་ཟས་རྩམ་དགོང་གི་བཞེས་ལག་སྣ་ཚོགས་པ།།
རོ་བཅུད་ལྡན་པའི་ཟས་རིགས་དེ་ནི་ཐུན་མོང་མིན་པའི་བོད་ཀྱི་རྒྱན།།
སྐྱབས་བསླུ་མེད་པའི་དཀོན་མཆོག་གསུམ་དང་དད་པ་བྱེད་སའི་བླ་མ་སོགས།།
བོད་མི་ང་ཚོའི་རྟག་ཏུ་གུས་ཞིང་ཕྱག་འཚལ་འོས་པའི་ཡུལ་དེ་ཡིན།།

ཞོགས་པ་ཉི་མ་ཤར་བ་ཇི་བཞིན་རང་དབང་ཐོབ་པའི་ཉིན་དང་གཅིག།
དབྱངས་དང་གསལ་བྱེད་བོད་ཀྱི་སྐད་ཡིག་སྦྱོང་བར་བྱེད་པའི་་ཉིན་དང་གཉིས།།
སངས་རྒྱས་ཐུགས་རྗེ་ཅན་གྱི་གསུང་རྣམས་ཆོས་སུ་བསྟེན་པའི་ཉིན་དང་གསུམ།།
སྒྱུ་མ་ལྟ་བུའི་རྨི་ལམ་མིན་པར་བདེ་བླག་ཉིད་དུ་འགྲུབ་པར་ཤོག།