དཔལ་འཛོམས་བུ་ཁྲིད། འཛིན་གྲྭ་བཅུ་པ།
བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།
སྟག་འཚེར་ཡུལ་དུ་མགོན་པོ་འཁྲུངས་ན་ཡང་།། འཇིག་རྟེན་ཞི་བདེ་ཡོང་ཆེད་རྟག་ཏུ་བརྩོན།།
བསྟན་འཛིན་རྒྱ་མཚོ་ཞེས་པའི་མཚན་བཟང་པོ།། གོ་ལ་ཡོངས་ལ་དྲི་བཞོན་བཞིན་དུ་ཁྱབ།།
ང་ཚོའི་སྐྱབས་གནས་དམ་པ་མགོན་པོ་མཆོག ། འགྲོ་བ་མི་ཡི་རྩ་བའི་བླ་མ་ཡིན།།
ཀུན་ལ་བྱམས་བརྩེ་དགོས་མཁོ་གལ་གནད་རྣམས།། ལེགས་གསུང་ཁྱོད་ལས་གཞན་ཞིག་མ་མཆིས་སོ།།
སྙིང་རྗེ་རང་གཟུགས་བྱོན་པའི་མགོན་པོ་ཡིས། ། འགྲོ་དྲུག་བྱམས་བརྩེའི་བསླབ་བྱ་རྟག་ཏུ་གསུངས།།
ཕ་མ་ལྟར་དུ་ཡིན་པའི་མགོན་པོ་ཁོང་།། བདག་གི་སྙིང་ནས་བརྩེ་བའི་བླ་མ་ཡིན།།
འགྲོ་བ་མི་རིགས་བཟང་སྤྱོད་གོང་འཕེལ་གཅིག ཆོས་ལུགས་མཐུན་འབྲེལ་གཉིས་དང་བོད་དོན་གསུམ།།
རྒྱ་གར་གནའ་བོའི་རིག་གནས་སླར་གསོ་བཞི།། ༸སྐྱབས་མགོན་ཁོང་གི་ཐུགས་བསྐྱེད་དམ་བཅའ་ཡིན།།
ཡིད་བཞིན་ནོར་བུ་ཁོང་གི་ཐུགས་བསྐྱེད་དམ་བཅའ་རྣམས།། སེམས་ནང་བཅངས་ནས་འཇོག་མཁན་ཁོ་མོ་ཡིས།།
༸སྐྱབས་མགོན་ཁོང་གི་ཞལ་རས་མཐོང་བའི་སྐབས།། བདག་གི་དྲིན་ཆེན་ཕ་མའི་བསླབ་བྱ་དྲན།།
ཉི་མ་བཞིན་དུ་སྤོབས་པ་སྤྲོད་མཁན་འདི། ། ང་ཡི་བརྩེ་བའི་བླ་མ་ཁོང་ཉིད་ཡིན།།
བླ་མ་དངོས་སུ་མཇལ་འདོད་ཡོད་ན་ཡང་།། ད་ལྟ་བར་དུ་སྐལ་བ་བདག་ལ་བྲལ།།
ཁོ་མོ་ལོ་ཆུང་སློབ་ཕྲུག་ཅིག་ཡིན་ཡང་།། ཁོང་གི་བསླབ་བྱ་སེམས་ནང་ཚོར་བཞིན་ཡོད།།
མགོན་པོའི་ཞལ་རས་ཇི་ཙམ་མཇལ་ན་ཡང་།། འདོད་བློ་མ་ཚིམ་བསྐྱར་དུ་མཇལ་འདོད་འོང་།།
རྒྱལ་བ་ཁོང་གིས་གནང་བའི་ལེགས་བཤད་དག ། ཁོ་མོས་སེམས་ནང་ཉར་ནས་ཉམས་སུ་བླངས།།
སེམས་སུ་དཀའ་ངལ་འདྲ་མིན་འཕྲད་པའི་སྐབས།། བླ་མ་ཁྱོད་ཀྱི་ཞལ་མཛུམ་ཡིད་ལ་འཁོར། །
གུས་མོས་ཀ་ཁ་ག་ང་མི་ཤེས་སྐབས།། བྱིན་རླབས་ལྡན་པའི་ཁོང་གིས་བཀལ་སློབ་ཀྱིས། །
ཁོ་མོའི་སེམས་ཀྱི་ནང་དུ་འགྱུར་མེད་ཀྱི།། དྲི་ཞིམ་རེ་བའི་མེ་ཏོག་པད་དཀར་བཏབ།།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཁོང་།། སྐུ་ཚེ་ཡུན་རིང་བར་དུ་རབ་བརྟན་ནས།།
ཐུགས་ཀྱི་དགོངས་གཞི་ཟབ་མོ་གང་མཆིས་པ།། མྱུར་དུ་གྲུབ་པའི་་གུས་མོས་གསོལ་བ་འདེབས།

ད་བར་དཔྱད་མཆན་མེད།