འགྱུར་མེད་རྒྱལ་མཚན། འཛིན་གྲྭ་བཅུ་གཉིས།
རྫོང་སར་ཀནིཥྐ་སློབ་གྲྭ།

དལ་འབྱོར་མི་ལུས་ཐོབ་པ་དགའ་མོད་ཀྱང་།།
ཡིད་དབང་འཕྲོག་པའི་ཕ་ཡུལ་བཞག་དང་ལྷན།།
རང་སྐད་བཞག་སྟེ་གཞན་སྐད་སྦྱོང་བའི་དུས།།
རང་སྐད་བརྗེད་པ་སེམས་པ་གཏིང་ནས་སྐྱོ།།

མེས་པོའི་བཞག་པའི་རྟེན་ནོར་འཇའ་ལྟར་ཡལ།།
ཀ་ཁ་ག་ང་ཕན་མེད་གད་སྙིགས་བརྩི།།
རང་རིགས་ཕ་སྐད་ལ་ཁའི་ཉི་མ་འདྲ།།
བོད་ཕྲུག་བོད་ཡིག་མ་ཤེས་ཡིད་རེ་སྐྱོ།།

བོད་ཕྲུག་མང་པོས་སྐད་རིགས་འདྲ་མིན་སྦྱངས།།
ག་ལེ་ག་ལེར་རང་རེའི་ཐ་སྙད་བརྗེད།།
དེ་འདྲའི་གནས་སྟངས་སྐྱོ་པོ་མཐོང་བས་ན།།
མ་འོངས་བོད་སྐད་རྩ་མེད་འགྲོ་བར་དོགས།།

བོད་ཕྲུག་མང་པོས་དབྱིན་རྒྱ་ཁོ་ན་བཤད།།
ཞོར་དུ་བོད་སྐད་ཏོག་ཙམ་བཤད་ན་ཡང་།།
སྐད་རིགས་འདྲ་མིན་མཉམ་དུ་བསྲེས་ནས་བཤད།།
གནས་སྟངས་དེ་འདྲ་མཐོང་བ་ཡིད་རེ་སྐྱོ།།

རང་རེའི་རྒྱལ་ཁབ་ཡར་རྒྱས་འགྲོ་ན་ཡང་།།
རང་རེའི་སྐད་ཡིག་བདག་པོས་མ་སྲུང་ན།།
ཁབ་ཀྱི་གནས་སྟངས་ཅི་ཙམ་ལེགས་ན་ཡང་།།
སྐུད་པ་ལེགས་པོ་མེད་ན་ཅི་ལ་ཕན།།

ས་པཎ་ཁོང་ཚོས་བརྡ་སྤྲོད་བརྩམས་པར་གནང་།།
དེ་དག་རྣམས་ལ་ད་ལྟ་སྣང་མེད་བྱེད།།
ཛ་དྲག་གནས་ཚུལ་དེ་དག་མཐོང་བས་ན།།
བོད་མི་ཀུན་གྱིས་རང་སྐད་སྦྱང་བར་སྨོན།།