ཀུན་དགའ་འཇམ་དབྱངས། འཛིན་གྲྭ་བཅུ་གཉིས།
རྫོང་སར་ཀནིཥྐ་སློབ་གྲྭ།
ཀ་ཡེ་ཉོན་དང་བོད་མི་ལྷན་རྒྱས་རྣམས།།
ཁ་བའི་འོད་དང་དེ་ཡི་སྐད་རིགས་སོགས།།
ག་ས་གང་དུ་བཞུགས་པ་ཁྱེད་རྣམ་པས།།
ང་ཚོ་མཉམ་དུ་སྐད་ཡིག་སྲུང་བར་བྱ།།
ཅ་ལག་ཡོད་ཚད་ཐམས་ཅད་རྒྱ་མིས་འཕྲོག།།
ཆ་ལ་གནས་པའི་བོད་མི་ཡོངས་རྫོགས་གཏོར།།
ཇ་དང་རྩམ་པ་བཟས་པའི་ནུས་ཤུགས་འདིས།།
ཉ་ཆུང་ང་ཚོའི་རིགས་གཞུང་བསྲུང་བར་བྱ།།
༸ཏ་ལའི་བླ་མའི་གསུང་ལ་རྟག་ཏུ་ཉོན།།
ཐ་ཤལ་རྒྱ་མིས་རང་དབང་འཕྲོག་ན་ཡང།།
ད་བར་བྱུང་བའི་ཞུམ་མེད་དཔའ་བོ་བཞིན།།
ན་གཞོན་འུ་ཚོས་རྒྱུན་དུ་འབུངས་པར་བྱ།།
པ་རམ་ལྟ་བུར་སྐྱོག་པའི་ལམ་ཁ་དེར།།
ཕ་ཡུལ་བཞག་སྟེ་གཞན་ཡུལ་བྲོས་དགོས་དུས།།
བ་ཕྲུག་བ་ལས་ཁ་བྲལ་ཇི་བཞིན་དུ།།
མ་ཡུམ་བོད་ལས་རང་ཡང་བྲལ་དགོས་བྱུང་།།
ཙ་རི་བསལ་ལྡན་དབེན་པའི་གནས་དོར་ཏེ།།
ཚ་བ་ཆེ་བའི་རྒྱ་གར་མི་ཚོགས་དབུས།།
ཛ་ཡི་བཞུགས་གནས་རྡོ་རྗེ་གདན་དེ་རུ།།
ཝ་ལེར་བོད་ཀྱི་རང་དབང་དོན་དུ་སྨོན།།
ཞ་ར་བསླུ་ལྟར་རྒྱ་མིས་བོད་མི་བསླུ།།
ཟ་འདྲེ་རྒྱ་མིས་རང་རེའི་ལུང་པ་འཕྲོག།།
འུ་ཅག་རྣམས་ཀྱི་གཏེར་ཁ་ཐམས་ཅད་བརྔོགས།།
ཡ་མཚན་མེད་པར་བོད་སྐད་ཡལ་ཐབས་བྱེད།།
ར་ལུག་ཇི་བཞིན་བོད་མིར་མནར་གཅོད་བཏང།།
ལ་ལ་ཡོད་པའི་དགོན་སྡེ་ཀུན་ཀྱང་གཏོར།།
ཤ་ཁྲག་ལས་གྲུབ་ཚེ་སྲོག་ཤོར་ན་ཡང།།
ས་ཆ་བོད་དེ་བོད་མི་རང་གི་རེད།།
ཧ་ཅང་ཐག་རིང་མཆིས་ཀྱང་བོད་མི་ཡོངས།།
ཨ་ཁ་ཟེར་ནས་ཁ་རོག་སྡོད་པ་ལས།།
ཧ་འུར་ངང་ནས་བརྩོན་འགྲུས་རྩོམ་རོགས་གནང་།།
ཨ་ཁ་མེད་པར་མ་འོངས་རང་དབང་ཐོབ།།

ད་བར་དཔྱད་མཆན་མེད།