ཀརྨ་རིམ་རི། བཅུ་པ།
རྫོང་སར་ཀནིཥྐ་སློབ་གྲྭ།

ཐོག་མར་ཐོན་མི་སམ་བྷོ་ཊས།།
རྒྱལ་པོས་བཀའ་བཞིན་བོད་ཡིག་མཛད།།
ཁོང་གིས་སྡུག་རུས་གནང་བར་བརྟེན།།
བོད་པའི་སྐད་ཡིག་འདི་ཉིད་བྱུང་།།

དུས་རབས་ཉི་ཤུ་རྩ་གཅིག་སྐབས།།
སྐད་ཡིག་སྣ་ཚོགས་མང་ན་ཡང་།།
ནང་པའི་ཆོས་རྣམས་ཆ་ཚང་བ།།
བོད་ཡིག་མ་གཏོགས་སུ་ལ་ཡོད།།

བོད་ཡིག་བོད་ཡིག་གཅིག་པོ་མིན།།
དེ་ནི་བོད་ཀྱི་རྟགས་དེ་ཡིན།།
གལ་སྲིད་བོད་ཡིག་མེད་གྱུར་ན།།
བོད་པ་ཡིན་པ་ཇི་ལྟར་ཤེས།།

སྐབས་སུ་བབས་པའི་བོད་གནས་དེ།།
རྒྱ་ནག་དམར་པོས་བདག་བཟུང་ཡང།།
རང་གི་སྐད་ཡིག་སྲུང་སྐྱོབ་དེ།།
བོད་པ་རང་གི་ལག་ན་ཡོད།།

གལ་སྲིད་མ་འོངས་བོད་ཡིག་དེ།།
རྒྱ་མིས་རྩ་མེད་གཏང་གྱུར་ན།།
སྐད་ཡིག་དམ་ཆོས་མེད་འགྱུར་བས།།
རྒྱུན་དུ་གནས་པའི་སྨོན་འདུན་ཡོད།།

བདག་ཅག་བོད་ཀྱི་སྐད་ཡིག་དང་།།
བཙུན་པ་བཅོམ་ལྡན་འདས་ཀྱི་གསུང་།།
ཀུན་ཕན་བཟང་སྤྱོད་ལྡན་འགྱུར་པས།།
དར་ཞིང་རྒྱས་པའི་སྨོན་ལམ་ཡོད།།