འབུམ་འཚོ་དབང་མོ། འཛིན་གྲྭ་དགུ་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭ།

གངས་རི་མཐོན་པོའི་ཕ་ཡུལ་བོད་ལྗོངས་མཛེས།།
ཆུ་བོ་གཙང་པོ་ས་གཞི་སྐྱིད་སྣང་སྟེར།།
བོད་ཡུལ་ཞི་བདེའི་དཔལ་ཡོན་དར་ཞིང་རྒྱས།།
ཕན་ཚུན་གུས་ཞབས་བཟང་པོས་འཚོ་བ་རོལ།།

རིག་གནས་རྒྱས་པའི་མི་རིགས་སྙིང་ཁར་བཅངས།།
སྲོལ་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ལགས།།
མ་འོངས་བོད་ཡུལ་ཡར་རྒྱས་འཛུགས་སྐྲུན་སྤེལ།།
མི་རྣམས་བདེ་སྐྱིད་ཞི་བདེའི་ཕུན་སུམ་ཚོགས།།

དེང་སྐབས་རྒྱ་ནག་དམར་པོས་བཙན་འཛུལ་གྱིས།།
ཕ་ཡུལ་བོད་ནང་དམག་གིས་མཚོན་ཆར་འབེབས།།
སྐྱིད་པའི་ཞིང་ཁམས་རིག་གཞུང་རྩ་མེད་བཏང་།།
ལྷ་ཡུལ་འདྲ་བའི་ཡུལ་དེ་དམྱལ་བར་གྱུར།།

བོད་མི་རྣམས་ཀྱིས་རང་གི་ཕ་ཡུལ་ཆེད།།
སྲོག་ཀྱང་འབེན་དུ་བཙུགས་ཏེ་སྐད་ཡིག་དང་།།
རིག་གཞུང་སྲོལ་རྒྱུན་བཟང་པོ་སླར་གསོ་རུ།།
སེམས་ཤུགས་མེ་ལྕེ་བཅངས་ཏེ་སྲུང་སྐྱོབ་བྱེད།།

ད་བར་དགུའི་ལོ་ནས་རྒྱ་དམར་དཔོན་པོ་ཡིས།།
༸གོང་ས་མཆོག་གཙོས་བོད་མིའི་བླ་ཆེན་རྣམས།།
སྣ་ཚོགས་བཤམས་པའི་སྲིད་བྱུས་ངན་པའི་འོག།
རྒྱ་གར་རྒྱར་དགོས་བྱུང་བ་ཡིན་ནས་སྐྱོ།།

ང་ཡི་སེམས་ནང་མ་འོངས་ཕ་ཡུལ་བོད།།
ད་ནས་བཟུང་སྟེ་བོད་ཡུལ་མ་སྟོང་བར།།
ས་གཞི་ཀུན་ཏུ་ཞི་བདེའི་དཔལ་ཡོན་དང་།།
བོད་མིའི་ཡིད་ལ་བག་ཕེབས་སྣང་བ་ཤར།།

རི་བོ་གྲུ་འཛིན་ཕོ་བྲང་པོ་ཏཱ་ལར།།
རྒྱལ་དབང་ཁོང་ཉིད་ཞབས་སོར་བདེ་བ་དང་།།
བོད་མི་གཞིས་བྱེས་མཉམ་འཛོམས་བྱུང་བ་བཅས།།
ང་ཡི་མ་འོངས་ཕ་ཡུལ་བོད་དེ་སྙམ།།

གཅེས་པའི་སྐད་དང་ཡི་གེ་བསྐྱར་གསོ་དང་།།
དངས་གཙང་ཆུ་མོའི་དཔལ་ལ་རོལ་རྒྱུ་དང་།།
དྲི་བསུང་ཕ་ཡུལ་ལོ་འདབ་ལོངས་སྤྱོད་པ།།
དེ་ནི་ང་ཡི་ཕ་ཡུལ་བོད་ལྗོངས་ཡིན།།

མ་འོངས་བོད་དེ་རང་བཙན་གཙང་མའི་འོག།
ཞིང་འབྲོག་འཚོ་བ་བཅས་ལ་ཉེར་འཚེ་དང་།།
དཔལ་འབྱོར་སྲིད་གསུམ་ཀུན་ལ་དོ་ཕོག་སོགས།།
ཅི་ཡང་མེད་པར་རང་དབང་སྤྱོད་རྒྱུ་དེ།།
ང་ཡི་སེམས་ཀྱི་ཕ་ཡུལ་བོད་ལྗོངས་ཡིན།།