བཀླག་ཚུལ། ཡ་ཆ་ཆ་ཆ་ཡ། (ཚིག་རྐང་སོ་སོར་ཚེག་བར་ཡ་གཅིག་གི་རྗེས་སུ་ཆ་གསུམ་དང་། དེའི་རྗེས་སུ་ཡ་གཅིག་ཡོད།) རོགས་རྒྱུ་མེད་གཅིག་དང་ཁྲེལ་མེད་གཅིག། །
ཚེག་བར་བདུན་མའི་ཚིགས་བཅད།
བཀླག་ཚུལ། ཆ་ཆ་ཆ་ཡ། (ཚིག་རྐང་སོ་སོར་ཚེག་བར་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་ཡོད།) མི་འཇོན་གོས་ཆེན་གོན་མཁན་ཚོ། ། གོས་ཆེན་ས་ལ་དྲུད་རོགས་རེད། །
ཚེག་བར་དྲུག་མའི་ཚིགས་བཅད།
ཀློག་ཚུལ། ཆ་ཆ་ཆ། (ཚིག་རྐང་སོ་སོར་ཚེག་བར་ཆ་གསུམ་ཡོད།) ལྷ་ས་ནོར་བུའི་གླིང་ལ།། ནོར་བུ་མི་འདུག་མ་གསུངས།། ཇོ་ཤཱཀ་ཡིད་བཞིན་ནོར་བུ།། ནོར་བུ་མིན་ན་གང་ཡིན།།
གཏམ་དཔེ་བཅུ་དྲུག
སེམས་ཁྲལ་མེད་པའི་སེམས་ཁྲལ། རི་བོང་གནམ་རྡིབ་པའི་སེམས་ཁྲལ། བསམ་པ་ངན་པ་མི་ལ་བྱས་ན། སྦྱོར་བ་རྩུབ་པོ་རང་ལ་འབྱུང་། གསེར་ས་འོག་ཏུ་ཡོད་ཀྱང་། འོད་ནམ་མཁར་ཁྱབ། སེར་སྣ་ཅན་ལ་གཉེན་མི་འཁོར། གཡོ་སྒྱུ་ཅན་ལ་གྲོགས་མི་འཁོར། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན།
གཏམ་དཔེ་བཅོ་ལྔ།
ལོ་ན་རྒས་ན་རྒན་པ་མིན། ཤེས་བྱ་རྒྱས་ན་རྒན་པ་ཡིན། ལས་འཕྲོ་ཡོད་ན་ས་ཐག་རིང་ཡང་ཐུག ལས་འཕྲོ་མེད་ན་ཐུག་ཀྱང་ངོ་མི་ཤེས། ལས་ཀ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན། ལས་ལ་མི་བརྩོན་ཆང་ལ་ཆགས། སང་གི་བྱ་བ་གནངས་ལ་བསྐྱལ། ལོ་གཅིག་ལོ་གཉིས་ལན་ཟླ་ཡིན།
གཏམ་དཔེ་བཅུ་བཞི།
རང་གི་རང་བཀྱགས། སྐྱག་པས་རྐུབ་བཀྱགས། རང་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་པང་དུ་བླངས། རང་གི་མི་དེ་རང་གི་བསྟོད། རང་གི་ལྷ་དེ་རང་གིས་གསོལ། བརླག་མཁན་ལ་སྡིག་པ་བརྒྱ། རྐུ་མཁན་ལ་སྡིག་པ་གཅིག རང་དོན་ཁོག་ཏུ་བཅུག་ནས། གཞན་དོན་སྨིན་མ་ཟིང་ཟིང་།
