ལོ་ན་རྒས་ན་རྒན་པ་མིན། ཤེས་བྱ་རྒྱས་ན་རྒན་པ་ཡིན།
ལས་འཕྲོ་ཡོད་ན་ས་ཐག་རིང་ཡང་ཐུག ལས་འཕྲོ་མེད་ན་ཐུག་ཀྱང་ངོ་མི་ཤེས།
ལས་ཀ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན།
ལས་ལ་མི་བརྩོན་ཆང་ལ་ཆགས། སང་གི་བྱ་བ་གནངས་ལ་བསྐྱལ།
ལོ་གཅིག་ལོ་གཉིས་ལན་ཟླ་ཡིན། ལོ་གསུམ་ཨ་ཕོ་རྒན་རྒན་རྒན།
ལོ་གཅིག་སྟོན་ཐོག་ཉེས་ན་ཉེས་པ་མིན། ཚེ་གང་གཏན་གྲོགས་ཉེས་ན་ཉེས་པ་ཡིན།
ལོ་གསུམ་སྡོད་པའི་ཚེ་ལས་མེད་ཀྱང་། ལོ་བརྒྱ་འདང་བའི་ཡོན་ཏན་དགོས།
ལས་ལ་གང་བསྐོས་མ་གཏོགས། སྣང་བ་གང་དྲན་མི་འདུག
ལུས་ལ་མི་དགོས་ན་ཚ་དང་། སེམས་ལ་མི་དགོས་སྡུག་བསྔལ།
ལག་པ་ལ་ཤ་ཡོད་ན། ནམ་མཁའ་ལ་བྱ་ལྡིང་།
ལུས་ལ་ན་ཚ་མེད་ན། གདོང་ལ་དྲེག་པ་འཁོར་དོན་མེད།
ལབ་པ་མང་ན་འཆོལ་བ་མང། ཟོས་པ་མང་ན་སྐྱུགས་པ་མང།
ལུང་པ་རེ་ལ་སྐད་ལུགས་རེ། བླ་མ་རེ་ལ་ཆོས་ལུགས་རེ།
ལས་ཁེམ་གང་ཡོད་ཀྱང་མཉམ་ལས་དང། ཟས་ཁམ་གང་ཡོད་ཀྱང་མཉམ་ཟ།