དབང་ཡོད་ལ་ཇུས་མེད། ཇུས་ཡོད་ལ་དབང་མེད།
བྱ་བརྒྱ་ཤར་ལ་འཕུར་དུས། ཕ་ཝང་ནུབ་ལ་འཕུར།
བོང་བུ་བསླངས་པའི་དྲིན་མེད། གཞུ་གུ་བཀོག་པའི་ཡ་ལ།
དབུ་མཛད་མང་ན་འདོན་པ་འཁྲུག དམག་དཔོན་མང་ན་དམག་བྱུས་ཤོར།
བྱ་བྱེད་མང་ན་བྱེའུ་རྐང་ཆགས། འགྲོ་སྡོད་མང་ན་སྡོད་ས་ཤོར།
བུ་ཕྲུག་རང་གི་བུ་ཕྲུག་མཛེས། མེ་ཏོག་གཞན་གྱི་མེ་ཏོག་མཛེས།
བྱ་མང་དཀྱིལ་དུ་སྒྲོ་བཏོག མི་མང་དཀྱིལ་དུ་དམའ་ཕབ།
བྱ་ཁ་ཏྭ་ཕོ་རོག་སྐྱུང་ཀ་གསུམ། ལུས་ནག་ཀྱང་སེམས་པ་དུང་ལས་དཀར།
བླ་མས་དྲིལ་བུ་གང་བཞག་ལས། དྲིལ་བུས་བླ་མ་གང་བཞག་མིན།
བྱ་གཞོན་པའི་སྒྲོ་ལ་ལྟོས། མི་རྒན་པའི་ངག་ལ་ཉོན།
བདེན་པ་ཡོད་ཀྱང་ཤོད་ས་མེད། རྒྱུ་མཚན་ཡོད་ཀྱང་བགྲང་ས་མེད།
བླུན་པོ་ནོར་ན་གཅིག་ནོར། མཁས་པས་ནོར་ན་བརྒྱ་ནོར།
བློ་གྲོས་ཁོག་པའི་ནང་དུ་རྒས། ཤིང་བཟང་པགས་པའི་འོག་ཏུ་རུལ།
བྱས་ན་བྱུང་ན་ཡོང་ན་གསུམ། དེ་གསུམ་གཏམ་གྱི་ཐ་མ་ཡིན།
བླ་མའི་ཐུགས་ལ་མི་འདུག དཔེ་ཆའི་ནང་ལའང་མི་འདུག
བུ་སྨྱོན་པ་མིན་ན་འཚུབ་ན་དགའ། བུ་མོ་གླེན་པ་མིན་ན་ལྷིང་ན་དགའ།
བློ་གཏད་རྐུབ་ལ་བཅོལ་ན། ཉལ་སར་རུལ་དྲི་ཁ།