སྤྲང་ཕྲུག་གསོས་ནི་བུ་རྒྱུད་མི་ཡོང་། སྤྱང་ཀི་གསོས་ནི་སྒོ་ཁྱི་མི་ཡོང་།
དཔྱིད་ཐལ་བ་འཚུབ་འཚུབ་མ་འཁྲབ་ན། སྟོན་སྣུམ་ཞག་ཚིལ་ཚིལ་ག་ནས་འོང་།
ཕོ་ཁྱོ་གའི་ཁོག་པར་མདའ་ཤོང་མདུང་ཤོང་།
ཕ་བཟང་ལ་བུ་བཟང་། མ་བཟང་ལ་རྒྱུད་བཟང་།
ཕ་ལས་བུ་རྫིག ཚ་བོ་ལས་ཡང་ཚ་རྫིག
ཕན་མ་ཐོགས་ན། ཁ་ནང་སོ་ཡང་འབུད།
ཕོ་བརྒྱ་སེམས་པ་ཤོར། མོ་བརྒྱ་སྙིང་རླུང་ལངས།
ཕ་མ་བཟང་པོའི་བུ་ཕྲུག དགེ་རྒན་བཟང་པོའི་དགེ་ཕྲུག
ཕྲུ་གུ་ངུ་ས་ཕ་མའི་མདུན། གཡོག་པོ་ངུ་ས་དཔོན་གྱི་མདུན།
ཕོ་རང་ཚོད་ཟིན་ན་མཁས་པ་ཡིན། མདའ་མཐེབ་ཚོད་ཟིན་ན་སྐྱེན་པོ་ཡིན།
ཕོ་ཟས་ལ་མི་རྔམ་ལས་ལ་རྔམ། ཕོ་རང་འགོ་ཐོན་ནས་གཞན་འགོ་འདྲེན།
ཕོ་ལོ་ལྔ་གསུམ་བཅོ་ལྔ་སོན་ན་བློ་ཕར་མི་འདྲི། མོ་ལོ་ལྔ་གསུམ་བཅོ་ལྔར་སོན་ན་ཟས་མར་མི་འདྲི།
ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་ལྷག
ཕ་རྒྱུད་བུ་ལ་མ་འཛིན་ན། རི་བོང་ཤོ་ཏོ་གང་ནས་འོང་།
ཕ་ཡུལ་སྡོད་དུས་རྟ་བརྒྱ་ཡོད། ང་རང་ཡོང་དུས་རྐང་ཐང་ཡིན།
ཕྲུ་གུའི་ལྟོ་ཚོད་ཕ་མས་བྱེད། རྒན་པའི་ལྟོ་ཚོད་སེམས་ཀྱིས་ཟིན།