མཐོ་གང་གི་རྙོབ་སར། འདོམ་གང་གིས་མ་བརྙབས།
མཐོ་བོའི་བྲག་ལ་འཛེགས་ན། དམའ་པོའི་གཡང་ལ་ལྷུང་།
ཐག་རིང་གཏམ་དེ་རྒྱང་ཡང་གོ ཐག་ཉེའི་གཏམ་དེ་ཐོས་པ་དཀོན།
ཐིགས་པ་བསགས་པའི་རྒྱ་མཚོ་དང་། བྱེ་མ་བསགས་པའི་ཕ་བོང་།
ཐུད་ཞིམ་པོ་མར་གྱི་བཀའ་དྲིན། མར་མེད་ན་ཕྱུར་པའི་སྤགས་སྒོང་།
འདམ་བརྒྱ་ཤོག་བརྒྱད་ཀྱི་དཔོན་པོ་ང་ཡིན་ཡང་། ངའི་དཔོན་པོ་ནང་དུ་ཡོད།
དྲང་པོ་བཤད་ན་མི་མི་དགའ། རྒྱུག་པ་ཁྱེར་ན་ཁྱི་མི་དགའ།
དྲིན་ལ་དྲིན་ལན་མ་འཇལ་ན། བསམ་ཤེས་མེད་པའི་ཁྱི་དང་འདྲ།
རྡོ་ཆུང་ཡང་རྫ་བཅག མེ་ཆུང་ཡང་སྤུ་འཚིགས།
ནང་ཚགས་ཚོང་མི་རྒྱག དཔོན་གཡོག་ཤོ་མི་རྒྱག
སྣུམ་འཚོང་སར་རྒྱུགས། རྒྱག་རེས་རྒྱག་སར་མ་འགྲོ།
ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་།
ནད་ཚབས་ཆེན་ཕོག་ཉིན་ཨེམ་ཆི་མེད། མི་འགངས་ཆེན་ཤི་ཉིན་བླ་མ་མེད།
ནམ་མཁའི་བྱ་དཀྲོགས། ས་གཞིའི་འབུ་དཀྲོགས།