མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས།
མ་ལ་མིང་པོ་མེད་པར། བུ་ལ་ཞང་པོ།
མི་ངན་ཤི་རྒྱུ་མེད། ཁྱི་ངན་སྨྱོ་རྒྱུ་མེད།
མི་ཚེ་རི་ལ་བསྐྱལ། རི་དྭགས་ངོ་མི་ཤེས།
མིའི་རི་མོ་ནང་ལ་ཡོད། སྟག་གི་རིི་མོ་ཕྱི་ལ་ཡོད།
མི་ས་འོག་ཏུ་སོང་ཡང་། གཏམ་ས་སྟེང་དུ་ལུས།
མིས་མི་ཟ་མནའ་དང་། ཁྱིས་མི་ཟ་ལྕགས།
མི་ལ་དབང་དགོས། དབང་ལ་ཚོད་དགོས།
མི་བྱེད་དགུ་བྱེད་བྱས་ན། མི་ཡོང་དགུ་ཡོང་ཡོང།
མི་ཁག་མེད་ཤིག་གིས་ཟོས། ཤིག་ཁག་མེད་གྲོད་པ་ལྟོགས།
མེད་པ་འཁྱེར་ཤོག ཤི་བ་ལ་ལོངས་ཤོག
དམྱལ་བ་མ་མཐོང་ན། སངས་རྒྱས་ལ་ཡིད་མི་ཆེས།
མི་རྒྱུ་ལ་མི་དགའ་བ་དང་། ཁྱི་ཁྲག་ལ་མི་དགའ་བ་མེད།
མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན།
མི་མང་གི་ཁ་དེ་དུག མི་མང་གི་ལག་དེ་གསེར།
མི་ལ་སྐྱོན་མེད་པ་དང་། ཤིང་ལ་འཛེར་པ་མེད་པ་མེད།
མི་རྒན་ཁྱི་རྒན་རྟ་རྒན་གསུམ། བྱས་པ་ཆེ་ཡང་ཀུན་གྱིས་སྡང་།
མི་ལ་འཕྱ་གསུམ་འཕྱ་བ་ལ། རང་ལ་འཛོམ་གསུམ་འཛོམ་པ་དགོས།
མི་ནད་ཐམས་ཅད་བཟས་ནད་ཡིན། རྟ་ནད་ཐམས་ཅད་བརྒྱུགས་ནད་ཡིན།
མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག ཟས་ངན་གཅིག་གིས་ལུས་པོའི་སྟོད་སྨད་དཀྲུག