ཞི་མི་གཉིད་ཁུག་ཀྱང་བསམ་རྒྱུ་ཙི་ཙི་ལས་མེད།
ཞབས་བྲོ་ཨེ་རྒྱག་ལྷམ་ལ་ལྟོས། སྣང་བ་ཨེ་སྐྱིད་གོས་ལ་ལྟོས།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་བལྟ་ན་མེ་ལོང་དགོས། །
ཞིམ་པོ་བྱུང་ན་སྦོས་ནས་ཤི་ཡང་ཤི། རང་དོན་འགྲུབ་ན་ཆ་ལུགས་ཉེས་ཀྱང་ཉེས།
བཟང་པོའི་ཞོར་དུ་ཇ་ཆང་དང། ངན་པའི་ཞོར་དུ་རྒྱག་རྡུང་།
ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ། ལབ་རྒྱུ་གླེང་རྒྱུ་མེད་ན་དགའ།
ཟླ་བ་དཀར་བ་ཟླ་སྟོད་དང་། ཕ་མ་འཛོམས་པ་ཚེ་སྟོད།
ཡར་ལངས་ན་མགོ་བརྡབས། མར་བསྡད་ན་རྐུབ་བརྡབས།
ཡ་རབས་མ་རབས་སྤྱོད་པས་ཤེས། ལུང་པ་གང་ཡིན་སྐད་ནས་ཤེས།
ཡོད་པོར་སྡུག་བསྔལ་བརྒྱ། མེད་པོར་སྡུག་བསྔལ་གཅིག
ཡོད་པོ་མེད་པོར་བཏང་། དར་ར་ཕྱུར་ཁུར་བཏང་།
ཡོད་པའི་ཁ་ལ་གསོག་འདོད། མེད་པའི་ཁ་ལ་སྟོར་འདོད།
ཡང་ན་ཧོབ་སྟེ་བལྟས་ནས་ཤེས། ཡང་ན་ཞག་གསུམ་བཤིབས་ནས་ཤེས།