Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག་ལ་བསྟོད་པའི་ཚིག

བསྟན་འཛིན་དབང་མོ་གུ་རུང་། འཛིན་གྲྭ་བཅུ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། གངས་ལྗོངས་ལྷ་ལྡན་ཞིང་ན།། ཁ་བའི་མདའ་དར་དཀར་པོ།། རྒྱལ་སྲས་བྱང་ཆུབ་སེམས་དཔའ།། སྟག་འཚེར་ཡུལ་དུ་འཁྲུངས་སོང་།། སྐུ་ན་ཕྲ་བའི་དུས་ནས།། བོད་དོན་འཁུར་དུ་བསྣམས་ནས།། མངའ་གསོལ་བཟང་པོ་མཛད་པས།། བོད་འབངས་བྱམས་པས་བསྐྱངས་ཡོད།། དེ་ནས་རིང་མིན་ཞིག་ནས།། རྒྱ་དམར་གདུག་རྩུབ་ཆེ་བས།། སྐུ་ངལ་འཛེམས་མེད་ངང་ནས།། རྒྱ་གར་ཡུལ་དུ་ཕེབས་ཡོད།། འཕགས་ཡུལ་ཆོས་ལྡན་ཞིང་དུ།། མཛད་པ་ཡར་ངོའི་ཟླ་ལྟར།། འཛམ་གླིང་ཡོངས་ལ་ཁྱབ་ཅིང་།། མཚན་གྱི་བ་དན་བསྒྲེངས་སོང་།། ཞི་བདེའི་དེད་དཔོན་ཆེན་པོ།། རང་གཟུགས་སྙིང་རྗེ་བདག་ཉིད།། ཕྱག་ཟུང་ཐལ་མོ་སྦྱར་ནས།། འགྲོ་ལ་བདེ་སྐྱིད་བསྐྲུན་བྱུང་།། གསུང་སྐད་ཚངས་པའི་དབྱངས་ལྡན།། འགག་མེད་གསུང་གི་བདུད་རྩི།། འདུལ་བྱའི་བློ་མུན་སེལ་བའི།། དམ་ཆོས་སྒྲོན་མེ་སྤར་ཡོད།། རྒྱལ་དབང་ཐམས་ཅད་མཁྱེན་པ།། བྱམས་དང་བརྩེ་བའི་བདག་ཉིད།། གཞིས་བྱེས་བོད་མི་ཡོངས་ལ།། བཀའ་དྲིན་ལྷག་ཏུ་ཆེ་སོང་།། འཚེ་མེད་ཞི་བའི་ལམ་སྟོན།། འཛམ་གླིང་མཁས་རྒུའི་གཙུག་རྒྱན།། གངས་ཅན་སྙིང་གི་ནོར་བུ།། ༸གོང་ས་མཆོག་ཉིད་ཡིན་ནོ། ཞལ་རས་འཛུམ་མདངས་ཤིག་ཤིག།གསུང་སྐད་རྣ་བའི་བུ་རམ།། བྱམས་དང་བརྩེ་བའི་རང་བཞིན།། རྒྱལ་བ་ཡིད་བཞིན་ནོར་བུ།། མཛའ་བརྩེ་ཐུགས་ཀྱི་རང་བཞིན།། འགྲོ་བའི་དོན་དུ་གཟིགས་པ།། རྒྱལ་ཀུན་སྙིང་རྗེའི་རང་གཟུགས།། སྨག་རུམ་འོད་ཀྱིས་བསལ་བྱུང་།། ད་ལོའི་གོ་སྟོན་རྟེན་འབྲེལ།། དད་གུས་སྤྲོ་གསུམ་ངང་ནས།། རྩ་བའི་བླ་མ་ཁྱེད་ཀྱི།། སྐུ་ཚེ་བསྐལ་བརྒྱར་སྨོན་ནོ།།

༸གོང་ས་མཆོག་ནི་ངའི་སེམས་ཀྱི

༸གོང་ས་མཆོག་ནི་ངའི་སེམས་ཀྱི་ཉི་མ།

བསྟན་འཛིན་དབྱངས་སྒྲོན། འཛིན་གྲྭ་བཅུ་པ།གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། མདོ་སྨད་ཨ་མདོ་སྟག་འཚེར་ཡུལ་ཞིག་ན། ། གངས་ཅན་མགོན་གྱི་བདག་པོ་ཁྱེད་རང་འཁྲུངས། ། སངས་རྒྱས་བསྟན་འཛིན་སྐྱེས་བུ་༸གོང་ས་མཆོག ། ཁ་བའི་ལྗོངས་སུ་ཕེབས་པར་བཀའ་དྲིན་ཆེ། ། གངས་ཅན་བོད་མིའི་གདུང་སེལ་ཉི་མ་ཁྱེད། ། སྐུ་ན་ཆུང་དུས་ཆོས་སྲིད་ཐུགས་འགན་བཞེས། ། བོད་མིའི་ལས་དབང་ཆེད་དུ་སྐུ་ལས་བསྐྱོན། ། དཀའ་ཚེགས་ཆེ་ཡང་འཛུམ་མདངས་ཡལ་མ་མྱོང། ། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ཕེབས། ། བོད་ཕྲུག་ཆེད་དུ་ཤེས་ཡོན་ལྡུམ་རྭ་བསྐྲུན། ། འཐབ་རྩོད་མི་དགོས་དམངས་གཙོ་གསོལ་རས་གནང་། ། འགྲོ་བའི་དོན་གྱི་མཛད་རྗེས་རི་རྒྱལ་བཞིན། ། འཛམ་གླིང་ཡོངས་ཀྱི་ཞི་བའི་སྣེ་ཁྲིད་ཁྱེད། ། གསུང་ཚིག་གཅིག་གིས་ཡིད་ལ་ཞི་བདེ་བསྐྲུན། ། ངུར་སྨྲིག་ན་བཟའ་བཞེས་ཏེ་གཞན་དོན་བསྒྲུབ། ། ཁྱེད་ཀྱི་བྱམས་བརྩེའི་འོད་ཟེར་ས་གཞིར་ཁྱབ། ། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ལམ་བཟང་སྟོན། ། མི་རིགས་དབྱེ་མེད་ཀུན་ལ་བརྩེ་བ་སྦྱིན། ། ཆོས་དང་ཚན་རིག་བར་གྱི་འབྲེལ་ཟམ་བཙུགས། ། ཉིན་མཚན་ལྟོས་མེད་སྐྱེ་འགྲོའི་འགྲོ་དོན་མཛད། ། འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས། ། དུས་ལ་མཁོ་བའི་བཀའ་ཆོས་བདུད་རྩི་གནང། ། འཛམ་གླིང་ཞི་བདེར་སྐྱོང་བའི་༸གོང་ས་མཆོག ། བོད་མི་ས་ཡ་དྲུག་གི་རེ་བ་ཡིན། ། ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་རྒྱ་མཚོ་བཞིན། ། བདག་གི་སེམས་ལ་བྱམས་དང་སྙིང་རྗེ་སྦྱིན། ། ཡིད་ལ་་ཡང་ཡང་དྲན་ནས་མཆི་མ་ཟགས།། […]

༸གོ་སྟོན་རྟེན་འབྲེལ་ཤིས་བརྗ

༸གོ་སྟོན་རྟེན་འབྲེལ་ཤིས་བརྗོད།

བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་དགུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ང་ཚོ་བོད་མི་ཡོངས་ཀྱི། ། བླ་ན་མེད་པའི་དབུ་ཁྲིད། །  ༸གོང་ས་༸སྐྱབས་མགོན་ཆེན་པོ། ། ཀུན་གྱིས་དགའ་དད་བྱེད་ས། ། ཁོང་གིས་ཆོས་ལུགས་ཡོངས་ལ། ། མཐུན་སྒྲིལ་བཟང་བའི་ཆེད་དུ། ། འཛམ་གླིང་འགྲོ་བ་ཀུན་ལ། ། བྱམས་དང་བརྩེ་བ་གནང་ཡོད། ། ༸རྒྱལ་དབང་མཆོག་གི་ཐུགས་ལ། ། སྐུ་ངལ་ཇི་ཙམ་མང་ཡང། ། ཁོང་གི་ཞལ་རས་ནམ་ཡང། ། འཛུམ་མདངས་འོད་དཀར་འཕྲོ་བ། ། ལྔ་བཅུ་ང་དགུའི་ལོ་ལ། ། ཁོང་དང་བོད་མི་མང་པོ། ། རྒྱ་གར་འཕགས་པའི་ཡུལ་དུ། ། སྐྱབས་བཅོལ་ཞུ་བར་ཕེབས་ཡོད། ། ༸གོང་ས་༸སྐྱབས་མགོན་ཆེན་པོས། ། སྲིད་བློན་ནེཧ་རུ་ལྷན་དུ། ། བོད་མིའི་འཚོ་སྡོད་ཆེད་དུ། ། གཞིས་ཆགས་གསར་འཛུགས་གནང་ཡོད། །  བསྟན་འཛིན་སྒང་གི་ས་ཁུལ། ། དེ་སྐབས་ནགས་ཚལ་འདྲ་བ། །  ཚང་མས་ཧུར་ཐག་བྱས་ནས། ། གཞིས་ཆགས་སྲ་བརྟན་བཟོས་ཡོད། །  བསྟན་འཛིན་སྒང་ཞེས་མིང་དེ། ། ༸གོང་ས་མཆོག་གིས་མཚན་དང། །  མཐོ་སྒང་ས་གཞིར་ཆགས་པས། […]

༸གོང་ས་མཆོག་ལ་བསྟོད་པ།

༸གོང་ས་མཆོག་ལ་བསྟོད་པ།

བློ་བཟང་ཡེ་ཤེས། འཛིན་གྲྭ་དགུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ང་ཡི་རྩ་བའི་བླ་མ། ། ༸གོང་ས་ཡིད་བཞིན་ནོར་བུ། ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། ། རྒྱལ་བ་བསྟན་འཛིན་རྒྱ་མཆོ། ། ང་ཡི་རྩ་བའི་བླ་མ། ། ༸གོང་ས་༸སྐྱབས་མགོན་ཆེན་པོ། ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། ། འཛམ་གླིང་ཞི་བདེའི་དེད་དཔོན། ། མཐའ་ཡས་སེམས་ཅན་དོན་དུ། ། ཐུགས་རྗེས་སྤྱན་ཆབ་བསིལ་བཞིན། ། རྣམ་དག་བཀའ་སློབ་གནང་སྟེ། ། མི་མང་ཞི་བདེར་བཀོད་ཡོད། ། བྱམས་དང་སྙིང་རྗེའི་བདག་ཉིད། ། ༸གོང་ས་༸སྐྱབས་མགོན་ཆེན་པོ། ། འཇིག་རྟེན་སྐྱེ་འགྲོ་ཀུན་ལ། ། ཞི་བདེའི་དཔལ་ཡོན་བསྐྲུན་བྱུང། ། ༸རྒྱལ་དབང་མཆོག་གིས་གནང་བའི། ། བཀའ་སློབ་བདུད་རྩི་བཟང་པོ། ། འཇིག་རྟེན་ཀུན་ལ་ཁྱབ་ན། ། མི་ཚེའི་རིན་ཐང་རྙེད་ཐུབ། ། འཛམ་གླིང་ཞི་བདེའི་དེད་དཔོན། ། ༸གོང་ས་༸སྐྱབས་མགོན་ཆེན་པོ། ། བླ་ན་མེད་པའི་དབུ་ཁྲིད། ། མྱུར་དུ་མཇལ་བར་སྨོན་ཡོད། ། ༸རྒྱལ་དབང་ཐམས་ཅད་མཁྱེན་པ། ། དགུང་ལོ་དགུ་བཅུར་ཕེབས་ཀྱང། ། ཁྱེད་ཀྱི་མཛད་པ་ཕྲིན་ལས། […]

བསྟོད་ཚིག་སེམས་ཀྱི་མེ་ཏོག

བསྟོད་ཚིག་སེམས་ཀྱི་མེ་ཏོག

བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་བཅུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ༸གོང་ས་༸སྐྱབས་མགོན་ཆེན་པོ། ། དགུང་གྲངས་དགུ་བཅུར་ཕེབས་པའི། ། གོ་སྟོན་རྟེན་འབྲེལ་དེ་ལ། ། བཀྲ་ཤིས་བདེ་ལེགས་ཞུས་ཡོད། ། བོད་ལྗོངས་ཁ་བའི་ཡུལ་ལ། ། དཀའ་སྡུག་ཚད་མེད་མྱོང་སྐབས། ། ལམ་སྟོན་ལེགས་པར་གནང་མཁན། ། ༸སྐྱབས་མགོན་ཁྱེད་རང་ཡིན་ནོ། ། རང་དབང་མེད་པའི་ཡུལ་འདིར། ། སྡུག་བསྔལ་མང་བའི་དུས་ལ། ། སྐྱིད་པའི་ཉི་མ་ཤར་མཁན། ། ཡིད་བཞིན་ནོར་བུ་ཡིན་ནོ། ། བཙན་བྱོལ་བོད་མི་རྣམས་ཀྱི། ། སྐད་དང་རིག་གཞུང་སོགས་ལ། ། སྲུང་སྐྱོབ་སློབ་སྟོན་གནང་མཁན། ། ༸ཏཱ་ལའི་བླ་མ་ཡིན་ནོ། ། གཞིས་བྱེས་བོད་མིའི་དབུ་ཁྲིད། ། འཛམ་གླིང་ཞི་བདེ་སྤེལ་མཁན། ། དྲིན་ཅན་ཕ་ལས་ལྷག་པ། ། བླ་མ་ཁྱེད་རང་ཡིན་ནོ། ། ༸སྐྱབས་མགོན་ཁྱེད་ཀྱིས་གསུངས་པའི། ། བསླབ་བྱ་གསུང་གི་བདུད་རྩི། ། བྱམས་དང་བརྩེ་བ་དེ་རྣམས། ། ནམ་ཡང་བརྗེད་ཐབས་མེད་དོ། ། འགྲོ་བ་མི་རིགས་ཡོངས་ལ། ། ཕན་པའི་བཀའ་སློབ་བཟང་པོ། ། རྒྱུན་མི་ཆད་པར་གནང་བ། […]

༸གོང་ས་མཆོག་ལ་བསྟོད་ཚིག།

༸གོང་ས་མཆོག་ལ་བསྟོད་ཚིག།

ཆོས་བཟང་རྟ་མང་། འཛིན་གྲྭ་བཅུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། གྲུ་འཛིན་ཕོ་བྲང་རྩེ་མོ་ནས། ། དྲོ་འཇམ་གསེར་གྱི་ཉི་མ་ཤར། ། དེ་ཉིད་ཉི་མ་མ་ཡིན་ལ། ། ཁོང་གི་མཁྱེན་པའི་འོད་ཟེར་ཡིན། ། འཛམ་གླིང་ཞི་བདེའི་དེད་དཔོན་མཆོག། ། མི་རིགས་དབྱེ་བ་མེད་པ་ལ། ། བྱམས་བརྩེའི་བཀའ་སློབ་གནང་བའི་དུས། ། འཛམ་གླིང་འགྱུར་བ་ཆེན་པོ་ཕྱིན། ། གནམ་ལ་འཇའ་ཚོན་ཤར་བའི་ཚེ། ། བླ་མའི་འཛུམ་ལྡན་ཞལ་རས་མཇལ། ། ཞལ་རས་འཛུམ་ལྡན་མཇལ་བའི་དུས། ། བདག་བློའི་མུན་པ་རབ་ཏུ་བསལ། ། བོད་ལྗོངས་གངས་རིའི་ཡུལ་དེ་ལ། ། ནོར་བུ་མི་འདུག་མ་གསུངས་དང། ། ༸སྐྱབས་མགོན་ཡིད་བཞིན་ནོར་བུ་སྟེ། ། ནོར་བུ་མེད་ན་གང་རེད་ཨང། ། ཨེ་མ་བྱང་ཆུབ་སེམས་པ་ཁྱེད། ། དགུང་གྲངས་དགུ་བཅུར་ཕེབས་པ་ལ། ། སློབ་ཆུང་ང་ཚོས་སྒོ་གསུམ་ནས། ། དགའ་བའི་བཀྲ་ཤིས་སྨོན་ཚིག་བརྗོད། ། སྐུ་ནི་རྡོར་སེམས་དབྱེར་མེད་པ། ། གསུང་ནི་བདུད་རྩི་དྲུག་ཅུའི་དབྱངས། ། ཐུགས་ནི་འོད་དཀར་སྙིང་རྗེ་ལྡན། ། ༸གོང་ས་མཆོག་ལ་ཡང་ཡང་འདུད། ། བྱམས་དང་སྙིང་རྗེའི་བདག་ཉིད་ཅན། ། ཆོས་སྲིད་བོད་མིའི་དབུ་འཁྲིད་པ། ། ཐོས་བསམ་ཏིང་འཛིན་རྒྱན་གསུམ་རྣམས། […]