ཡིག་སྐྱེལ།   དེ་རིང་ཡི་གེ་མང་པོ་ཞེ་དྲག་འདུག ཁྱེད་རང་ལའང་ཡི་གེ་ཞིག་འདུག
གྲགས་པ།   ང་ལ་ཨེ། སུས་བཏང་འདུག་གམ།
ཡིག་སྐྱེལ།   བཀའ་ཤག་ནས་རེད་འདུག
གྲགས་པ།   ངས་ལག་པ་བཙོག་པ་ཡིན། སྐུ་མཁྱེན། ཁྱེད་ཀྱིས་ཡི་གེ་དེ་མགྱོགས་པོ་ཁ་ཕྱེ་ནས་ཐེངས་གཅིག་ཀློགས་དང་།
ཡིག་སྐྱེལ།   ཝ་ཡེ། ཡི་གེ་དེ་གནས་སྤོའི་ཡི་གེ་རེད་འདུག
གྲགས་པ།   གནས་སྤོ་ག་པར་བཏང་འདུག
ཡིག་སྐྱེལ།   དྷ་སར་གནས་སྤར་ཐོག་གནས་སྤོ་རེད་འདུག
གྲགས་པ།   གནས་རིམ་ག་རེའི་ཐོག་བསྐོ་བཞག་བྱས་འདུག
ཡིག་སྐྱེལ།   གཞོན་དྲུང་ནས་རྒན་དྲུང་གི་གནས་རིམ་ཐོག་གནས་སྤར་གནང་འདུག
གྲགས་པ།   དངོས་གནས། གཏམ་བཟང་རེད། བཀྲ་ཤིས་ཉིས་བརྩེགས་རེད་འདུག བསམ་ཡུལ་ལས་འདས་སོང་།
ཡིག་སྐྱེལ།   བཀྲ་ཤིས་བདེ་ལེགས། ཁྱེད་རང་གནས་རིམ་འཕར་བར་ང་ཧ་ཅང་དགའ་པོ་བྱུང་།
གྲགས་པ།   ཐུགས་རྗེ་ཆེ། ངས་ཡུན་རིང་བདེ་སྡུག་ཞུས་པ་བཞིན་ད་ལན་དགོངས་བཞེས་གནང་འདུག
ཡིག་སྐྱེལ།   ཁྱེད་ཀྱིས་སྙན་ཞུ་ཕུལ་བ་བཞིན་བསམ་དོན་གྲུབ་ཤག ང་ཡང་ཧ་ཅང་དགའ་པོ་བྱུང་།
གྲགས་པ།   ང་ལས་ཁུངས་ག་པར་བཏང་འདུག
ཡིག་སྐྱེལ།   ཤེས་རིག་ལས་ཁུངས་སུ་བཅར་དགོས་ཞེས་འཁོད་འདུག
གྲགས་པ།   དྷ་སར་ནམ་འབྱོར་དགོས་སམ།
ཡིག་སྐྱེལ།   རྩིས་སྤྲོད་རྩིས་ལེན་གྲུབ་རྗེས་འབྱོར་ཐོ་བསྐྱོན་དགོས་ཞེས་འཁོད་འདུག
གྲགས་པ།   སྤྲོད་དཔང་སླེབས་ན་མ་གཏོགས་འགྲོ་ཆོག་ཆོག་ཡོད་མ་རེད། ཕལ་ཆེར་འདིར་ཟླ་བ་གཅིག་གཉིས་ལུས་མདོག་ཁ་པོ་རེད།