བདེ་སྐྱིད། ཁ་ལག་གི་བྲོ་བ་གང་འདྲ་འདུག་གམ།
མགྲོན་པོ། ཁ་ལག་དེའི་བྲོ་བ་ཧ་ཅང་ཞིམ་པོ་འདུག དེ་ཁྱེད་ཀྱིས་བཟོས་སམ།
བདེ་སྐྱིད། ངས་བཟོས་པ་ཡིན། ཁྱེད་རང་ལ་ད་དུང་ཁ་སྣོན་བླུག་དགོས་སམ།
མགྲོན་པོ། ཉུང་ཉུང་ཞིག་དགོས། ང་གྲོད་ཁོག་རྒྱགས་ཀྱང་སེམས་བརྒྱགས་མེད་པ་འདྲ།
བདེ་སྐྱིད། ཐང་ཐུངས་དང་།
མགྲོན་པོ། དེ་ག་རེས་བཟོས་པ་རེད།
བདེ་སྐྱིད། དེ་ཀྲོ་མ་ཀྲོ་དང་འབྲས་ཀྱིས་བཟོས་པ་ཞིག་རེད། ཁྱེད་ཀྱི་དེ་སྔོན་འཐུང་མྱོང་ཡོད་དམ།
མགྲོན་པོ། མེད། ཐང་དེ་འཐུང་བ་ཐེངས་དང་པོ་ཡིན། ངས་བྲོ་བ་མྱང་ཆོག
བདེ་སྐྱིད། བྲོ་བ་མངར་མིན་སྐྱུར་མིན་ཞིག་མི་འདུག་གམ།
མགྲོན་པོ། ང་བྲོ་བ་དེ་འདྲའི་རིགས་ལ་དགའ་པོ་ཡོད། ཞིམ་པོ་ཞེ་དྲག་འདུག
བདེ་སྐྱིད། བྱས་ན། མང་ཙམ་ཐུངས་དང་།
མགྲོན་པོ། དེ་ཡང་ཁྱེད་རང་གིས་བཟོས་པ་ཡིན་ནམ།
བདེ་སྐྱིད། ངས་བཟོས་པ་ཡིན།
མགྲོན་པོ། ཁ་ལག་དེ་ཚོ་མ་བྱན་ཆེན་མོ་ཞིག་གིས་བཟོས་པ་ནང་བཞིན་འདུག
བདེ་སྐྱིད། ཐུགས་རྗེ་ཆེ། རྗེས་མ་ཁྱེད་ལ་ངས་བྱ་ཤའི་ཐང་བཀྱག་ཆོག
མགྲོན་པོ། ཁྱེད་རང་གིས་ཁ་ལག་བཟོ་སྟངས་གཞན་གྱི་རྩ་ནས་སྦྱངས་སམ།
བདེ་སྐྱིད། སྦྱང་མྱོང་མེད། སོ་སོས་དོ་སྣང་བྱས་ནས་ཤེས་པ་རེད། ང་ལ་ཁ་ལག་བཟོ་སྟངས་ཀྱི་དེབ་ཡག་པོ་ཞིག་ཡོད། ངས་དུས་ཚོད་སྟོང་པའི་སྐབས་དེབ་དེ་ཀློག་གི་ཡོད།
མགྲོན་པོ། ལག་རྩལ་ཡག་པའི་ཁར་ཁ་ལག་བཟོ་སྟངས་ལ་དབྱིངས་ཡོད་པ་དང་བཟོ་སྒྱིད་པོ་ཡོད་ན། ཁ་ལག་ཞིམ་པོ་ཤ་སྟག་ཟ་རྒྱུ་ཐོབ་ངེས་རེད།