བོད་པ། ངའི་མིང་ལ་དཔལ་ལྡན་ཟེར། ཁྱེད་ཀྱི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཨ་རི་བ། ངའི་མིང་ལ་ཇོན་ཡིན། ཁྱེད་རང་ལ་ཐུག་པ་དགའ་པོ་བྱུང།
བོད་པ། ཁྱེད་རང་ལུང་པ་གང་ནས་ཡིན་ནམ།
ཨ་རི་བ། ང་ཨ་རི་ནས་ཡིན།
བོད་པ། ཁྱེད་རང་བོད་ཀྱི་དཔེ་མཛོད་དུ་དཔེ་དེབ་ལྟ་ཀློག་ཆེད་སྐྱོད་མཁན་ཡིན་ནམ།
ཨ་རི་བ། མིན། ང་ནང་ཆོས་ངོ་སྤྲོད་འཛིན་གྲྭར་བཅར་མཁན་ཡིན།
བོད་པ། ཁྱེད་རང་ནང་པ་ཡིན་ནམ།
ཨ་རི་བ། ང་ནང་པ་མིན། ང་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད།
བོད་པ། ནང་ཆོས་གོ་བདེ་པོ་འདུག་གམ།
ཨ་རི་བ། སྐད་སྒྱུར་མཁན་ཡོད་ན་གོ་བདེ་པོ་འདུག
བོད་པ། ཁྱེད་ཀྱིས་ག་རེ་བྱས་ནས་ནང་ཆོས་སློབ་སྦྱོང་བྱེད་ཀྱི་ཡོད་དམ།
ཨ་རི་བ། ནང་ཆོས་ཤེས་ན་སེམས་པ་སྐྱིད་པོ་འདུག