ཟླ་བ། བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་།
ཆོས་འབྱོར། བཀྲ་ཤིས་བདེ་ལེགས། ཁམས་བཟང་།
ཟླ་བ། ཆོས་འབྱོར། ཁྱེད་རང་ལ་ཕྲུ་གུ་ཡོད་དམ།
ཆོས་འབྱོར། ལགས་ཡོད།
ཟླ་བ། ཁྱེད་རང་ལ་བུ་ཕྲུག་ག་ཚོད་ཡོད་དམ།
ཆོས་འབྱོར། ང་ལ་ཕྲུ་གུ་གཉིས་ཡོད། བུ་གཅིག་དང་བུ་མོ་གཅིག་ཡོད།
ཟླ་བ། ཁྱེད་ཀྱི་ཕྲུ་གུ་གཉིས་ཀྱི་མིང་ལ་ག་རེ་ཟེར་གྱི་ཡོད།
ཆོས་འབྱོར། ངའི་བུའི་མིང་ལ་དབང་རྒྱལ་དང་བུ་མོའི་མིང་ལ་མཛེས་ལྡན་ཟེར་གྱི་ཡོད།
ཟླ་བ། ཁྱེད་ཀྱི་ཕྲུ་གུ་གཉིས་ཀ་ལོ་ག་ཚོད་རེད་དམ།
ཆོས་འབྱོར། བུ་ལོ་ཉི་ཤུ་རྩ་བཞི་དང་བུ་མོ་ལོ་ཉི་ཤུ་རེད།
ཟླ་བ། ཁྱེད་ཀྱི་ཕྲུ་གུ་གཉིས་ཀ་སློབ་གྲྭར་འགྲོ་ཡི་ཡོད་དམ།
ཆོས་འབྱོར། བུ་ལས་ཀ་བྱེད་ཀྱི་ཡོད། བུ་མོ་རྒྱ་གར་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པ་རེད།
ཟླ་བ། ཁྱེད་ཀྱི་བུ་མོ་མཐོ་སློབ་ཏུ་སློབ་སྦྱོང་ག་རེ་བྱེད་ཀྱི་ཡོད་དམ།
ཆོས་འབྱོར། བུ་མོ་སྨན་པའི་སློབ་སྦྱོང་བྱེད་བཞིན་པ་རེད།
ཟླ་བ། ཁྱེད་ཀྱི་བུ་སློབ་སྦྱོང་ག་རེ་ཐོན་པ་རེད་དམ།
ཆོས་འབྱོར། བུ་ཁྲིམས་ཀྱི་སློབ་སྦྱོང་ཐོན་ནས་ད་ལྟ་རྒྱ་གར་གྱི་ཁྲིམས་ཁང་ཞིག་ཏུ་ཁྲིམས་རྩོད་པ་རེད།