བྱམས་པ། ལྷ་སྐྱིད། དེ་རིང་ཁྱེད་རང་ཁྲོམ་ལ་འགྲོ་ན། ཡིན་གཅིག་མིན་གཉིས་ང་ལ་ལན་ཞིག་སྤྲད་རོགས།
ལྷ་སྐྱིད། ང་ཁྲོམ་དུ་ཉོ་ཆ་རྒྱག་ཏུ་འགྲོ་དགོས་ཡོད། ཁྱེད་རང་ལ་ལས་ཀ་ག་རེ་ཡོད།
བྱམས་པ། བྱས་ན། སྐུ་མཁྱེན། ང་ལ་ཁྲོམ་ནས་གཅིག་ཉོ་རོགས།
ལྷ་སྐྱིེད། ག་རེ་ཉོ་དགོས་ཀྱི་འདུག
བྱམས་པ། ང་ལ་ཟ་ཁང་ནས་མོག་མོག་སྡེར་མ་གཉིས་ཉོ་རོགས།
ལྷ་སྐྱིད། འགྲིག་གི་རེད།
བྱམས་པ། ཁྱེད་རང་ལ་དངུལ་འདང་ངེས་ཡོད་དམ།
ལྷ་སྐྱིད། ཕལ་ཆེར་འདང་གི་རེད།
བྱམས་པ། ཁྱེད་རང་ལ་དངུལ་ག་ཚོད་ཡོད་དམ།
ལྷ་སྐྱིད། ང་ལ་སྒོར་ཉིས་བརྒྱ་ཡོད།
བྱམས་པ། ཁྱེད་རང་ལ་དངུལ་ཉུང་ངུ་ལས་མི་འདུག འདང་མདོག་ཁ་པོ་མ་རེད།
ལྷ་སྐྱིད། དངུལ་འདང་གི་མ་རེད་དམ། ད་དུང་ང་ལ་བུན་བྱང་(credit card)གཉིས་ཡོད།
བྱམས་པ། ཁྱེད་ཀྱིས་སྒོར་ཉིས་བརྒྱ་ཁྱེར་དང་། འཐོལ་བ་ཕྱིིན་ན་རྗེས་ལ་སྤྲོད་ཆོག
ལྷ་སྐྱིད། སྒོར་ཉིས་བརྒྱ་འགྲིག་ཐག་ཆོད་རེད། ངས་མོག་མོག་ཉོས་ནས་གང་མགྱོགས་ཡོང་ཆོག།
བྱམས་པ། ཐུགས་རྗེ་ཆེ། མོག་མོག་ཚ་པོ་ཞིག་ཟ་རྒྱུ་བྱུང་ན་བསམ་བསྡད་ཡོད།