དབང་པོ། ཁྱེད་རང་བདེ་པོ་ཡིན་ཤག་རེད།
རྒྱལ་པོ། ཆམ་ནད་ཕོག་པ་མ་གཏོགས་བདེ་ཐང་ཡིན།
དབང་པོ། ཁྱེད་རང་ལ་ཆམ་པ་ཕོག་ནས་བདུན་ཕྲག་གཅིག་ཕྱིན་པ་ཡོད།
རྒྱལ་པོ། ད་བར་དུས་ཚོད་གང་འཚམས་སོང་ཡང་། ད་དུང་དྲག་སྐྱེད་བྱུང་མ་སོང་།
དབང་པོ། ཁྱོན་ནས་དྲག་གི་མི་འདུག་གམ།
རྒྱལ་པོ། ཞོགས་པ་ངས་རྒྱ་སྨན་འགའ་ཤས་བཟས་པ་ཡིན། ད་ལྟ་ཅུང་ཟད་བདེ་བ་འདུག
དབང་པོ། གཙོ་བོ་ག་རེ་ན་གི་འདུག་གམ།
རྒྱལ་པོ། གློ་ཞེ་དྲག་རྒྱག་གི་འདུག
དབང་པོ། སྨན་པར་བསྟེན་ཡིན་ནམ།
རྒྱལ་པོ། བསྟེན་རྒྱུ་ཡིན། སང་ཞོགས་འགྲོ་དགོས་བསམ་གྱི་འདུག
དབང་པོ། ང་སྨན་ཚོང་ཁང་ལ་འགྲོ་དགོས་ཡོད། ཁྱེད་རང་ལ་ག་རེ་དགོས་སམ།
རྒྱལ་པོ། བྱས་ན། ང་ལ་གཙང་ཤོག་འགའ་ཤས་ཉོ་རོགས་གནང་།
དབང་པོ། ད་དུང་ག་རེ་དགོས་སམ།
རྒྱལ་པོ། གཞན་མི་དགོས། དེ་ཙམ་ཡིན།
དབང་པོ། ལགས་སོ། །ང་ཆུ་ཚོད་གཅིག་གི་ནང་ཕྱིར་ཡོང་གི་ཡིན། གལ་སྲིད་ཁྱེད་རང་ལ་ག་རེ་མངགས་དགོས་ཡོད་ན་ང་ལ་ཁ་པར་ཐོངས་དང་།
རྒྱལ་པོ། ལགས་སོ། །ཐུགས་རྗེ་ཆེ།