བསྟན་འཛིན་མཚོ་མོ། འཛིན་གྲྭ་བདུན་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།
ད་ལོ་ ༢༡༥༡ ལོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་ཟིན་པའི་འཁྲུངས་སྐར་རེད། ༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་གོ་སྟོན་སྲུང་བརྩི་ཞུ་དགོས་དོན་ནི་ཁོང་ནི་ང་ཚོ་བོད་པ་ཚོའི་ཆེད་དུ་དཔེ་བཀའ་དྲིན་ཆེན་པོ་ཡིན་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལོའི་ལོ་འདི་བྱམས་རྩེའི་ལོ་ཞེས་བཏགས་ནས་སྲུང་བརྩི་ཞུ་ཡི་ཡོད་རེད། གང་ཡིན་ཟེར་ན། ༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་རེད། ཁོང་ནི་བྱམས་བརྩེའི་འབྱུང་ཁུངས་རེད། ཁོང་ནི་ང་ཚོ་བོད་པ་ཚོའི་དབུ་ཁྲིད་རེད། ཁོང་ནི་ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་རེད། ད་ལྟ་ང་ཚོ་བཙན་བྱོལ་ལ་གནས་ས་ས་ཆ་ཡག་པོ་དང་དཔེ་སྐྱིད་མདོག་ཁ་པོ་ཡོད་པ་དེ་ཁོང་གི་བཀའ་དྲིན་རེད། ཁོང་གིས་ང་ཚོ་བོད་དང་འཛམ་གླིང་གི་དོན་དུ་དཔེ་སྐུ་ལས་མང་པོ་བསྐྱོན་ཡོད།
ཁོང་ཕྱི་ལོ་ ༡༩༣༥ ལོར་བོད་མདོ་སྨད་དུ་འཁྲུངས་ནས་དགུང་ལོ་གཉིས་ལ་ཕེབས་སྐབས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ངོས་འཛིན་གནང་བ་རེད། ཁོང་དགུང་ལོ་བཅུ་དྲུག་ལ་བོད་ཀྱི་ཆོས་དང་སྲིད་ཀྱི་འགན་ཁུར་བཞེས་གནང་ཡོད་པ་རེད། ཁོང་གི་དེ་ནས་བཟུང་ད་ལྟ་བར་བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་ལས་དཔེ་མང་པོ་བསྐྱོན་གནང་ཡོད། ད་ལོ་ ༢༠༢༥ ལོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ཡོད། ད་ལོའི་ལོ་འདི་བྱམས་བརྩེའི་ལོ་རེད་ཞེས་བཏགས་ནས་གོ་སྟོན་སྲུང་རྩི་བྱེད་ཀྱི་ཡོད་དུས་ང་ཚོས་ད་ལོའི་ལོ་འདི་ལ་དམིགས་བསལ་གཞན་ལ་བྱམས་དང་བརྩེ་བའི་ངང་རོགས་པ་བྱེད་དགོས། ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་རྒྱུན་དུ་སེམས་ནང་བཞག་ནས་ལག་ལེན་བསྟར་དགོས།
ང་ཚོས་༸གོང་ས་མཆོག་གི་གོ་སྟོན་ལོ་སྲུང་བརྩི་ཇི་ལྟར་ཞུས་པའི་སྐོར་བྲི་རྒྱུ་ཡིན། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་སྟོན་དང་མཉམ་དུ་ཁོང་གིས་འཁྲུངས་སྐར་རྒྱུད་སྨད་གྲྭ་ཚང་ལ་སྲུང་བརྩི་ཞུས་པ་ཡིན། ཞོགས་པ་ང་ཚོ་ཚང་མ་རྒྱུད་སྨད་གྲྭ་ཚང་ལ་སླེབ་དུས་རྩམ་པའི་སྤྲི་གོར་ཆེན་པོ་ཞིག་དང་སྤྲི་གོར་མངར་མོ་ཆེན་པོ་གཞན་ཞིག་ཀྱང་འདུག།སྤྲི་གོར་དེ་དཔེ་ཞིམ་མདོག་ཁ་པོ་འདུག། ཐོག་མར་མི་མང་དང་སློབ་ཕྲུག་ཚང་མ་ཞལ་འདོན་དང་བསངས་གསོལ་གནང་སོང་། དེའི་རྗེས་སྐུ་མགྲོན་ཚང་མས་༸གོང་ས་མཆོག་གི་གོ་སྟོན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་སོང། དེའི་རྗེས་སུ་ང་ཚོ་འོད་སྣང་སློབ་གྲྭའི་སློབ་ཕྲུག་དང་གྲོང་སྡེ་ཡོངས་ནས་གཞས་སྣ་འཁྲབ་སྟོན་གནང་སོང། མཛད་སྒོ་རྫོགས་རྗེས་མི་མང་ཚང་མ་སྒོར་གཞས་འཁྲབ་གནང་སོང། ང་ཚོ་ཚང་མས་དཔེ་དགའ་པོ་དང་སྐྱིད་པོའི་ངང་གོ་སྟོན་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཡིན།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༥ ཉིན་མི་མང་ཚོགས་ཁང་ནང་དུ་གོ་སྟོན་ལོའི་བོད་ཀྱི་ཉིན་མོ་སྲུང་བརྩི་བྱས་པ་རེད། དེ་སྐབས་སུ་དང་པོ་སློབ་གྲྭ་དང་གྲོང་སྡེ་སོ་སོ་ནས་གཞས་སྣ་འཁྲབ་སྟོནགནང་སོང། ཚང་མས་གཞས་དཔེ་ཡག་པོ་འཁྲབ་སོང། དེའི་ཉིན་བོད་ཀྱི་སྲོལ་རྒྱུན་གྱི་རྩེད་མོ་སྣ་ཚོགས་རྩེས་སོང་། དེ་བཞིན་བོད་ཀྱི་ཟས་རིགས་འདྲ་མིན་འགྲེམས་སྟོན་གནང་བ་དང་། བོད་ཀྱི་གྱོན་ཆས་ཆ་ཚང་གྱོན་རྒྱུའི་འགྲན་བསྡུར་བྱས་སོང། དེ་དུས་དཔེ་ཆོབ་ཚ་པོ་དང་སྐྱིད་པོ་བྱུང་སོང། ཉིན་གུང་གསོལ་ཚིགས་དཔེ་ཞིམ་པོ་བྱུང་སོང། དགོངས་མོར་གྲོང་སྡེ་སོ་སོ་ནས་བོད་ཀྱི་ཆས་གོས་ཀྱི་གོམ་འགྲོས་གནང་སོང། དེའི་ནང་དུ་ང་རང་ངོ་ཤེས་པ་མང་པོ་འདུག། དེ་ཡང་དཔེ་སྐྱིད་པོ་དང་ཆོབ་ཚ་པོ་བྱུང་སོང། ང་རང་གྲོགས་མོ་མཉམ་དུ་ཚོང་ཁང་ལ་ཕྱིན་པ་ཡིན། ངའི་ཉིན་མོ་ཡག་ཤོས་དེ་དེ་རིང་རེད་འདུག་སྙམ་པ་བྱུང་སོང།
ཕྱི་ཟླ་ ༧ ཚེས་ ༡༩ ཉིན། མའེ་སོར་རྒྱལ་སར་ལྷོ་ཕྱོགས་གཞིས་ཆགས་ཚང་མ་འཛོམས་ནས་བོད་ཀྱི་ཉིན་མོ་ཞེས་གོ་སྟོན་སྲུང་བརྩི་ཞུས་པ་རེད། ང་ཚོ་འཛིན་གྲྭ་ལྔ་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོ་ཕྱིན་པ་ཡིན། ང་ཚོའི་སློབ་ཕྲུག་ཚོ་མའེ་སོར་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་དུས་དཔེ་སྐྱིད་པོ་བྱུང་སོང། མའེ་སོར་ཀ་ལ་མན་ཊི་ར་ལ་སྦྱོར་རྗེས་དེའི་ནང་དུ་༸གོང་ས་མཆོག་དང་འབྲེལ་བའི་འགྲེམས་སྟོན་མང་པོ་བྱས་འདུག། ང་ཚོ་ཚང་མས་འགྲེམས་སྟོན་དེ་ནས་༸གོང་ས་མཆོག་གི་སྐོར་ལ་མ་ཤེས་པ་མང་པོ་ཧ་གོ་སོང། དེའི་རྗེས་བླ་མ་ཞིག་གིས་བཀའ་སློབ་དཔེ་ཡག་པོ་གནང་སོང། བླ་མ་དེའི་མཚན་ལ་དགེ་བཤེས་ལྷག་རྡོར་རེད་འདུག། ནམ་རྒྱུན་དུ་བཀའ་སློབ་གནང་སྐབས་ཉོབ་ཏོ་ཡོད་ཀྱང་། ཁོང་གིས་བཀའ་སློབ་གནང་དུས་དཔེ་སྣང་བ་འགྲོ་བོ་འདུག། དེ་དུས་དྲི་བ་དྲིས་ལན་བྱེད་དུས་ང་ཚོའི་སློབ་གྲྭ་ནས་སློབ་མ་ཞིག་གིས་དྲི་བ་ཡག་པོ་ཞིག་དྲིས་སོང། དེའི་སྐབས་རྒྱ་གར་གྱི་དཔོན་པོ་ཞིག་ཕེབས་ནས་བཀའ་སློབ་དཔེ་ཉུང་ཉུང་ཞིག་གནང་རྗེས་ཁོང་ལམ་སང་ལོག་ཕེབས་སོང་། ཉིན་གུང་གསོལ་ཚིགས་མཆོད་ནས་ང་ཚོ་ཚང་མ་རྩེད་མོ་རྩེས་ནས་བསྡད་པ་ཡིན། ང་རང་དཔེ་སྐྱིད་པོ་བྱུང་སོང། མི་མང་རྒན་པ་དེ་ཚོ་སྒོར་གཞས་འཁྲབ་ནས་བཞུགས་འདུག། དགོང་དྲོ་ཆུ་ཚོད་དྲུག་པ་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ནས་གཞས་སྣ་འཁྲབ་སྟོན་གནང་སོང། མཛད་སྒོ་རྫོགས་རྗེས་དགོང་མོའི་ཞལ་ལག་བཟས་ནས་སྤྱི་སྤྱོད་རླངས་འཁོར་ནང་ང་རང་གི་ནང་དུ་བསྐྱལ་སོང། གོ་སྟོན་གྱི་ཉིན་དེ་ལ་ང་རང་དཔེ་སྐྱིད་པོ་བྱུང་སོང།
ཕྱི་ཟླ་ ༩ ཚེས་ ༢༤ ལ་ང་ཚོའི་སློབ་གྲྭར་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་གྲ་རྒྱས་པོ་ཞིག་ཞུས་པ་རེད། དེ་དུས་ང་ཚོ་སློབ་ཕྲུག་ཡོངས་ནས་༸གོང་ས་མཆོག་དང་། བོད་དང་འབྲེལ་བའི་འགྲེམས་སྟོན་སྣ་ཚོགས་གནང་ཡོད། དང་པོ་འཛིན་གྲྭ་དང་པོ་ནས་བོད་དང་འབྲེལ་བའི་རི་མོ་མང་པོ་བྲིས་འདུག།རི་མོ་ཆ་ཚང་དཔེ་སྙིང་རྗེ་མོ་བྲིས་གནང་འདུག། དེ་ནས་འཛིན་གྲྭ་གཉིས་པས་ནག་པང་སྒང་དུ་བོད་དང་རྒྱ་གར། རྒྱ་ནག སོག་པོ་ལ་སོགས་པ་བཅས་ཀྱི་ས་ཁྲ་བྲིས་ནས་བོད་ཀྱི་རྒྱལ་པོ་ཚོའི་སྐོར་འགྲེལ་བརྗོད་གནང་སོང་། དེའི་རྗེས་འཛིན་གྲྭ་གསུམ་པས་༸གོང་ས་མཆོག་གི་ནང་མིའི་སྐོར་ལ་འགྲེམས་སྟོན་བྱས་སོང། དེའི་རྗེས་འཛིན་གྲྭ་བཞི་པའི་སློབ་ཕྲུག་ཚོས་བོད་ཀྱི་རྩེད་མོ་རྩེ་སྟངས་བསླབས་སོང། དེའི་རྗེས་འཛིན་གྲྭ་ལྔ་པས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཡང་སྲིད་ངོས་འཛིན་གནང་སྟངས་ཐོག་འཁྲབ་སྟོན་གནང་སོང། འཁྲབ་སྟོན་གནང་མཁན་ནང་ནས་ངའི་གཅུང་མོ་ནི་༸གོང་ས་མཆོག་ཡུམ་རེད་འདུག། ཁོང་ཚོས་བོད་ཟས་རྩམ་པ་དང་། ཐུད་ཞིམ་པོ་ཞིམ་པོ་བཟོས་འདུག། དེའི་རྗེས་འཛིན་གྲྭ་དྲུག་པས་བོད་ཀྱི་འབྲོག་པའི་སྐོར་ལ་འགྲེམས་སྟོན་འགྲེལ་བཤད་བརྒྱབ་སོང། ཁོང་ཚོས་འབྲོག་པའི་གྱོན་ཆས་དང་། འབྲོག་པའི་ཟས་རིགས་སོགས་འབྲོག་པའི་འཚོ་བསྐྱལ་སྟངས་སྐོར་འགྲེལ་བཤད་བརྒྱབ་སོང། ང་རང་འབྲོག་པའི་སྐོར་དཔེ་མང་པོ་གོ་རྟོགས་བྱུང་སོང། ང་ཚོ་འཛིན་གྲྭ་བདུན་པས་༸གོང་ས་མཆོག་གི་ཡུམ་གྱི་སྐོར་ལ་བརྗོདགཞི་བདམས་པ་རེད། གང་ཡིན་ཟེར་ན། ད་ལོའི་ལོ་འདི་བྱམས་རྩེའི་ལོ་རེད། ༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་རེད། ༸གོང་ས་མཆོག་ལ་བྱམས་རྩེེའི་ས་བོན་དང་ཤོས་སློབ་མཁན་དེ་ཁོང་གི་ཡུམ་བདེ་སྐྱིད་ཚེ་རིང་རེད། བྱས་ཙང་ང་ཚོས་བརྗོད་གཞི་དེ་བདམས་པ་རེད།
དེའི་རྗེས་སུ་འཛིན་གྲྭ་བརྒྱད་པས་༸གོང་ས་མཆོག་གིས་མཛད་འཕྲིན་སྐོར་ལ་འགྲེམས་སྟོན་གནང་སོང་། ཁོང་ཚོས་༸གོང་ས་མཆོག་བོད་ལ་བཞུགས་སྐབས་དང་། བཙན་བྱོལ་ལ་ཕེབས་ཚུལ། བཙན་བྱོལ་དུ་མཛད་འཕྲིན། བོད་ཀྱི་ཆབ་སྲིད་ཀྱི་མཛད་འཕྲིན་། འཛམ་གླིང་བཞི་བདེའི་མཛད་འཕྲིན་བཅས་སྐོར་འགྲེལ་བཤད་དཔེ་གོ་བདེ་བོ་བསྐྱོན་གནང་སོང། དེའི་རྗེས་འཛིན་གྲྭ་དགུ་པས་བོད་ཀྱི་གཙང་པོ་དེ་ཚོ་ག་བ་ལ་རྒྱུག་གི་ཡོད་མིན་འགྲེལ་བཤད་བརྒྱབ་སོང། དེ་རྗེས་འཛིན་གྲྭ་བཅུ་པས་པོ་ཏཱ་ལའི་འདྲ་གཟུགས་བཟོས་འདུག། ཁོང་ཚོས་༸གོང་ས་མཆོག་ལ་ལག་མཁྱེར་གང་ཕུལ་བ་དེ་ཚེ་འདམ་བག་གི་འདྲ་གཟུགས་བཟོས་ནས་གྱང་སྦྱར་གི་སྒང་ལ་ཡང་བྲིས་ནས་འགྲེལ་བཤད་དཔེ་ཡག་པོ་བརྒྱབ་གནང་སོང།
ལོ་འདིར་ཚང་མས་༸གོང་ས་མཆོག་གི་གོ་སྟོན་བྱེད་སྒོ་སྣ་ཚོགས་ཀྱི་སྒོ་ནས་དཔེ་ཡག་པོ་སྲུང་བརྩི་གནང་སོང། ༸གོང་ས་མཆོག་གིས་མི་མང་ཚང་མ་ལ་སཱིའི་ཤེས་ཡོན་ངོ་སྤྲོད་གནང་ཡོད། སཱི་ཤེས་ཡོན་ནི་བོད་པའི་སློབ་གྲྭ་ཚང་མར་སློབ་ཁྲིད་གནང་གི་ཡོད། ༸གོང་ས་མཆོག་གིས་ང་ཚོ་ལ་སེམས་པ་བཟང་པོ་བྱེད་དགོས་གསུངས་ཡོད། གང་ཡིན་ཟེར་ན། གལ་སྲིད་ཁྱེད་རང་མི་གཞན་ལ་སེམས་པ་བཟང་པོ་བྱས་ན་ཁྱེད་རང་སེམས་པ་སྐྱིད་པོ་ཆགས་པ་མ་ཟད་མི་དེ་ཡང་སེམས་པ་དཔེ་སྐྱིད་པོ་ཆགས་ཀྱི་རེད་གསུངས་ཡོད། ངའི་ཨ་མ་ལགས་ཀྱི་ང་ལ་ཉིན་ལྟར་མི་དགའ་ན་ཆོས་རེད་གསུངས་ཀྱི་རེད།
ང་རང་ལ་བཟང་སྤྱོད་དང་བྱམས་བརྩེ་སློབ་མཁན་དང་པོ་དེ་ངའི་ཨ་མ་ལགས་རེད། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཟང་སྤྱོད་དང་བྱམས་བརྩེ་བྱེད་རྒྱུའི་ཆེད་དུ་སེམས་ཤུགས་སྤར་མཁན་དེ་རེད། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཉན་ནས་ང་རང་སེམས་འགུལ་་ཤུགས་ཆེན་འཐེབ་ཀྱི་འདུག ༸གོང་ས་མཆོག་གི་ཐུགས་རེ་བཞིན་ང་ཚོ་བོད་མ་ཚང་མ་རྡོག་རྩ་ཆིག་སྒྲིལ་བྱས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་ནི་ང་ཚོའི་ལས་འགན་ཞིག་རེད། མཐའ་མར་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་ནས་ཁྲི་ལོར་བརྟན་པར་ཤོག །

ད་བར་དཔྱད་མཆན་མེད།