བསྟན་འཛིན་དཔལ་མོ། འཛིན་གྲྭ་བརྒྱད་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།
༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།
འགྲོ་བ་ཡོངས་ཀྱི་ལྷ་རྒྱལ།།
འཛམ་གླིང་ཞི་བདེའི་དེད་དཔོན།།
བོད་མི་ཡོངས་ཀྱི་མགོན་སྐྱབས།།
ད་ལོ་ནི་གོ་སྟོན་བྱམས་བརྩེའི་ལོ་ཞེས་བོད་མི་སྤྱི་ཚོགས་ཡོངས་དང་འཛམ་གླིང་ས་ཕྱོགས་གང་སར་སྲུང་བརྩི་བྱེད་བཞིན་ཡོད། ང་ཚོས་གོ་སྟོན་ག་རེ་བྱས་ནས་སྲུང་བརྩི་བྱེད་ཀྱི་ཡོད་མིན་དང་། གོ་སྟོན་ཟེར་ན་ཅི་ཞིག་ལ་ཟེར་མིན་ཤེས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། གོ་སྟོན་ནི་ང་ཚོའི་རྩ་བའི་བླ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་ལོ་་དགུ་བཅུ་ལ་ཕེབས་པའི་དགའ་བསུའི་རྟེན་འབྲེལ་ཆེད་ཡིན་པ་མ་ཟད། ཁོང་གིས་ད་བར་བོད་རྒྱ་ཆེ་མི་མང་དང་འཛམ་གླིང་མི་མང་གི་དོན་དུ་སྐུ་ངལ་བསྐྱོན་པའི་བཀའ་དྲིན་རྗེས་དྲན་དང་བཀའ་དྲིན་གསོ་བའི་ཆེད་དུ་ཡིན། གོ་སྟོན་བསྲུང་བརྩི་བྱེད་དགོས་དོན་གཞན་ཞིག་ནི་༸གོང་ས་མཆོག་གི་ང་ཚོ་འགྲོ་བ་མི་ཡོངས་ལ་བྱམས་བརྩེ། སྙིང་རྗེ། བཟོད་སྒོམ། མཆོག་ཤེས། འཚེ་མའི་ཞི་བའི་ལམ་བཅས་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་ཀྱི་རྩ་ཆེ་བའི་ལམ་་སྟོན་མང་པོ་གནང་ཡོད། ད་ལོ་བྱམས་བརྩེའི་ལོ་ལ་ང་ཚོས་༸གོང་ས་མཆོག་གིས་ལམ་སྟོན་གནང་བ་དེ་ཚང་མ་ལག་ལེན་བསྟར་རྒྱུ་དང་། འཛམ་གླིང་ཡོངས་ལ་སྤེལ་དགོས། གང་ཡིན་ཟེར་ན། ཁོང་གི་ཐུགས་ལ་ང་ཚོའི་འཇིག་རྟེན་ཁམས་འདི་ཞི་བདེ་དང་དགའ་འཚོར་གྱི་སྣང་བ་བསྐྲུན་ཐུབ་པའི་རེ་བ་ཡོད། ཁོང་གི་ཐུགས་ཀྱི་རེ་བ་རྣམས་ང་ཚོས་སྒྲུབ་ཐུབ་ཐབས་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད་བསམ་གྱི་འདུག ༸གོང་ས་མཆོག་ནི་དམིགས་གསལ་ང་ཚོ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཀུན་ལ་བཀའ་འདྲིན་ཆེ་པོ་ཡིན། ད་ལྟ་ང་ཚོར་ལྟོགས་ན་ཟས། འཁྱགས་ན་གྱོན་རྒྱུའི་གྱོན་ཆས། འཚོ་སྡོད་བྱེད་སའི་ས་ཆ་གཞིས་ཆགས་གནང་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། རང་ཉིད་སློབ་ཕྲུག་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་སློབ་སྦྱོང་སྦྱང་རྒྱུ་སྐལ་པ་བཟང་པོ་འདི་ཚོ་ཆ་ཚང་ཁོང་གི་བཀའ་དྲིན་ཡིན་པ་དང་ང་ཚོས་ནམ་ཡང་མ་བརྗེད་པར་སེམས་ལ་བཞག་དགོས།
ས་ཕྱོགས་གང་སར་གོ་སྟོན་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༩ ཉིན། ང་ཚོ་ལྷོ་ཕྱོགས་གཞིས་ཆགས་ཧུན་སུར་དང་། སྦེལ་ཀོབ་པི། ཀོ་ལེ་གྷལ་། མཉམ་རུབ་ཀྱིས་མའེ་སོར་གྲོང་ཁྱེར་ཀ་ལ་མན་དིར་ལ་བོད་ཀྱི་ཉིན་མོར་དཀྱིལ་འཁོར་དང་། གཞས་སྣ་འཁྲབ་སྟོན། ༸གོང་ས་མཆོག་གི་མཛད་རྣམ་འགྲེམས་སྟོན་སོགས་གོ་སྟོན་སྲུང་བརྩི་གྲ་རྒྱས་པོ་ཞུས་སོང་། དེ་བཞིན་དུ་ང་ཚོའི་གཞིས་ཆགས་ཧུན་སུར་རབ་རྒྱས་གླིང་ཚོགས་ཁང་ནང་ལ་འདི་ལོའི་ཟླ་ ༩ ཚེས་ ༡༥ ཉིན་གོ་སྟོན་སྲུང་བརྩི་གྲ་རྒྱས་པོ་ཞིག་བྱས་པ་རེད། ཉིན་དེར་བོད་ཀྱི་ཉིན་མོ་ཞེས་བཏགས་ཏེ་བོད་ཀྱི་ཆས་གོས་འགྲན་བསྡུར། བོད་ཆས་གོས་གྱོན་སྟངས། བོད་ཀྱི་ཀྱི་ཟས་རིགས་རྩམ་པས་སྤགས་བརྫིས་སྟངས། དེ་བཞིན་ཐུད། འབྲས་ཆང་། ཕྱུ་ར། བག་ཚ་མར་ཁུ་སོགས་འགྲེམས་སྟོན་གནང་སོང་། བོད་ཟས་འདྲ་མིན་སྣ་ཚོགས་ང་ཚོར་འབྲོ་བ་མྱོང་བཅུག་པ་དང་དེའི་ཚོའི་འབྱུང་རིམ་སོགས་འགྲེལ་བཤད་བརྒྱབ་སོང། དེ་སྐབས་སྤོ་ལགས་ཞིག་གིས་དམིགས་བསལ་ང་ཚོ་གཞོན་སྐྱེས་ལ་རྩམ་པས་སྤགས་བརྫིས་སྟངས་བསླབས་སོང། དེ་ནས་བཟུང་སྤགས་བཟའ་སྟངས་ཤེས་སོང་།
དེ་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་་ཞབས་བྲོ། གནའ་བོའི་བོད་ཀྱི་རྩེད་རིགས་སོགས་ཀྱི་ལས་གཞི་མང་པོ་སྤེལ་སོང་། དགོང་མོ་གྲོང་སྡེ་སོ་སོས་བོད་ཀྱི་ལུང་ཚན་ཀོང་པོའི་ཆས་གོས། དབུས་གཙང་གི་ཆས་གོས། ཁམས་ཀྱི་ཆས་གོས། མདོསྟོད་དང་མདོ་སྨད་སོགས་སོ་སོའི་ཆས་གོས་འདྲ་མིན་སྣ་ཚོགས་གྱོན་ནས་གོམ་འགྲོས་བྱས་སོང་། དེའི་ནང་དམིགས་བསལ་གྱི་མཉམ་ཞུགས་གནང་མཁན་ནང་ང་ཚོ་སཾ་བྷོ་ཊ་གུ་རུ་པུ་རའི་སློབ་ཕྲུག་འགའ་ཤས་ཤིག་དང་སེམས་ཤུགས་ཡོད་པའི་སྤོ་ལགས་དང་རྨོ་ལགས་དེ་འདྲ་ཡང་ཉམས་ཞུགས་ཧ་ལས་པའི་ཡག་པོ་གནང་སོང། ཉིན་དེར་བརྟེན་འབྲེལ་མཚོན་བྱེད་ཀྱི་བཀྲ་ཤིས་ཞོལ་པ་དང་། གནའ་བོའི་ཞབས་བྲོ་ཁ་ཤས་འཁྲབ་སོང། ཉིན་དེར་བོད་ཀྱི་རྩེད་རིགས་ནང་ཁབ་དང་ཀུད་པ་རྒྱུད་བྱེད་ཀྱི་འགྲན་བསྡུར། ཕོ་མོ་མཉིས་ཀའི་ཕྱུ་པ་གྱོན་སྟངས་འགྲན་བསྡུར། ཐག་པ་འཐེན་བྱེད་ཀྱི་འགྲན་བསྡུར། ལྡིད་ཚད་བཀྱག་རྒྱུའི་འགྲན་བསྡུར་སོགས་བྱས་སོང། དེ་ཉིན་རང་ཉིད་ཀྱིས་བོད་ཀྱི་སྐོར་ལ་སྔོན་མི་ཤེས་པ་དེ་འདྲ་མང་པོ་ཤེས་སོང།
ཕྱི་ལོ་ ༢༠༢༥ ལོའི་ཟླ ༩ པའི་ཚེས་ ༢༤ ཉིན་ང་ཚོའི་སློབ་གྲྭ་སཾ་བྷོ་ཊ་གུ་རུ་པུ་རར་གོ་སྟོན་གྱི་ལོ་འདིར་བོད་ལྗོངས་ང་ཚོའི་ཕ་ཡུལ་ཉིན་མོ་སྲུང་བརྩི་ཞུས་པ་ཡིན། དེ་ཉིན་སྔ་དྲོ་ནས་ཕྱི་དྲོ་བར་ཉིན་གཅིག་རིང་འགྲེམས་སྟོན་རྒྱས་པོ་ཞིག་བྱས་པ་ཡིན། དེའི་ནང་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚང་མས་མཉམ་ཞུགས་གནང་བ་རེད། འགྲེམས་སྟོན་ནང་སྔོན་བོད་ཀྱི་མི་དེ་ཚོ་འཚོ་གནས་ཅི་འདྲ་ཡོད་མེད་དང་། ༸གོང་ས་མཆོག་གི་མཛད་འཕྲིན་ཆ་ཚང་བ། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་ས་ཁྲ་སོགས་ཀྱི་སྐོར། འཛིན་རིམ་དང་པོའི་ངོས་ནས་བོད་ཀྱི་སེམས་ཅན་དང་བོད་ཀྱི་རྒྱལ་པོ་ཚོའི་འདྲ་པར། བོད་ཀྱི་མཛེས་སྡུག་བལྡན་པའི་ཡུལ་ལྗོངས་ཀྱི་་པར་སོགས་བོད་ཀྱི་མཛེས་ཞིང་རིན་ཐང་ཆེ་བའི་པར་མང་པོ་འགྲེམས་སྟོན་བྱས་ཏེ་འགྲེལ་བཤད་བརྒྱབས་སོང་། འཛིན་གྲྭ་གཉིས་པའི་སློབ་ཕྲུག་ཚོས་བོད་ཀྱི་ས་ཁྲ་དང་ཁྱིམ་མཚེས་རྒྱལ་ཁབ་གང་དང་གང་ཡོད་མེད་ཀྱི་སྐོར་ལ་འགྲེལ་བཤད་བརྒྱབས་སོང། དེ་བཞིན་འཛིན་གྲྭ་གསུམ་པའི་སློབ་མ་ཚོས་༧གོང་ས་མཆོག་གི་སྐོར་ལ་འགྲེལ་བཤད་བསྐྱོན་སོང། ཡང་འཛིན་རིམ་བཞི་པའི་སློབ་ཕྲུག་ཚོས་བྱམས་དང་སྙིང་རྗེ་སྐོར་འགྲེལ་བཤད་བརྒྱབས་སོང། འཛིན་རིམ་ལྔ་པའི་སློབ་ཕྲུག་ཚོས། ༸གོང་ས་མཆོག་གི་ཡང་སྲིད་ཅི་་འདྲ་བྱེད་ནས་ངོ་མཛིན་བྱས་ཡོད་མེད་སྐོར་མཏམ་བརྗོད་འཁྲབ་སོང། དེ་དང་མཉམ་དུ་བོད་ཀྱི་ཟས་རིགས། ཕྱུར་ཞིབ་དང་། ཐུད། ཤ། མར་སོགས་འགྲེམས་སྟོན་བྱས་སོང། འཛིན་གྲྭ་བདུན་པའི་སློབ་ཕྲུག་ཡོངས་ནས་རྒྱལ་བའི་ཡུམ་བདེ་སྐྱིདཚེ་རིང་ཆུང་དུས་ནས་ཁོང་དགོངས་པ་མ་རྫོགས་བར་གི་སྐུ་ཚེའི་མཛད་འཕྲིན་ཆ་ཚང་འགྲེལ་བཤད་བརྒྱབས་སོང།
འཛིན་གྲྭ་བརྒྱད་པའི་སློབ་ཕྲུག་ཚོས་༸གོང་ས་མཆོག་གི་མཛད་འཕྲིན་ཆ་ཚང་རིམ་པ་བཞིན་འགྲེམས་སྟོན་འགྲེལ་བཤད་བརྒྱབས་གནང་བ་རེད། དེའི་ནང་༧གོང་ས་མཆོག་ཡང་སྲིད་འཁྲུངས་ཚུལ་དང་། བཙན་འབྱོལ་དུ་ཕེབས་ཚུལ། བཙན་བྱོལ་དུ་ཕེབས་ནས་སྐུ་ལས་བསྐྱོན་སྟངས། ཕྱི་རྒྱལ་དང་མཐུན་འབྲེལ་གནང་སྟངས། རྒྱ་ནག་མཉམ་དུ་གྲོས་མོལ། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཅས་འགྲེལ་བཤད་བརྒྱབས་ཡོད། འཛིན་གྲྭ་དགུ་པའི་སློབ་མ་ཚོས་བོད་ཀྱི་རྒྱུག་ཆུ་དང་བོད་ཀྱི་ས་མཐོ་བོ་དེ་སྲུང་སྐྱོབ་བྱེད་རྒྱུའི་སྐོར་དང་བོད་ཀྱི་སེམས་ཅན་དེ་ཚོའི་སྐོར་ལ་འགྲེམས་སྟོན་དང་འགྲེལ་བཤད་བསྐྱོན་སོང། འཛིན་གྲ་བཅུ་པའི་སློབ་ཕྲུག་ཚོས་འདམ་བག་གིས་ཕོ་བྲང་ཆེན་པོ་པོ་ཏཱ་ལ་བཞེངས་འདུག། དེ་བཞིན་༧གོང་ས་མཆོག་གི་འཀའ་སློབ་པང་ལེབ་ཐོག་བྲིས་གནང་འདུག
འགྲེམས་སྟོན་དེའི་ཉིན་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་འགན་འཁུར་འཕར་མ་ཞིག་ཡོད་པ་བསམ་བྱུང་། ང་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་དོ་སྣང་བྱེད་དགོས་པའི་སེམས་ཤུགས་ཆེས་ཆེར་སྐྱེས་སོང། ང་ཚོ་བོད་པ་ཚོས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་ནི་ཧ་ཅང་དགའ་འོས་པའི་ཡག་པོ་ཞིག་རེད་སྙམ ༸གོང་ས་མཆོག་གི་ཐུགས་དགོངས་མྱུར་དུ་འགྲུབ་པ་དང་ཁོང་སྐུ་ཚེ་ཡུན་རིང་བརྟན་པར་ཤོག །

ད་བར་དཔྱད་མཆན་མེད།