སྟེར་བའི་ངོ་ས་མེད། བཙོངས་པའི་རིན་པ་མེད། ལྟོ་དེ་ཁྱིའི་ལྟོ་ལ། ལས་དེ་བོང་བུའི་ལས། གཏམ་དཔེ་མེད་ཤོད་དཀའ། ཇ་ཚྭ་མེད་འཐུང་དཀའ། གཏམ་ལ་མཚོན་ཆ་མེད་ཀྱང་། མི་སྙིང་དུམ་བུར་གཅོད། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་སྟུན་དགོས། གཏམ་ཤོད་རོགས་ཡོད་ན་སེམས་པ་དགའ།
གཏམ་དཔེ་དྲུག་པ།
འཇུ་ཚོད་ཀྱི་ལྟོ་དང་། ཐེག་ཚོད་ཀྱི་ལས། འཇིག་རྟེན་མི་ལ་ཚེ་རོགས་དགོས། ཚེ་རོགས་མེད་ན་སྟོང་སྟོང་རེད། ལྗོན་ཤིང་གསོ་བར་ལོ་བཅུ་དང་། མི་བཟང་གསོ་བར་ལོ་བརྒྱ། ཇོ་ལགས་སྐུ་ཐང་མཉེས་རོགས། ཤ་ཁྱི་རྐང་པ་ཚ་རོགས། རྗེས་སུ་སྟེར་དགོས་ཟེར་ན་དགའ་མི་དགོས།
གཏམ་དཔེ་ལྔ་པ།
བཅོ་ལྔ་མཆོད་པ་ཞེ་པོ་ཡོད་ན། ཉི་མའི་དགུང་ལ་ཐོན་ཤོག ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན། མི་གསུང་དགུ་གསུང་མ་གསུངས་ཤིག གཅིག་འོག་གཅིག་གིས་མ་ནོོན། གཅིག་ཁོག་གཅིག་གིས་མ་ལོན། ཆུང་ཆུང་བློས་ཀྱིས་མི་གཏོང་། ཆེན་པོ་གར་སོང་མ་ཤེས། ཆོས་སྐྱོང་རང་མགོ་མི་ཐོན།
གཏམ་དཔེ་བཞི་པ།
ངན་པ་དཔོན་ལ་བསྐོས་ན། རང་གི་སྡེ་ལ་སྡང་། ང་རྒྱལ་གྱི་ལྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཚོགས། སྔར་བྱས་རྒྱབ་བསྐྱུར་དང་། ཕྱིན་ཆད་ལ་སྡོམ་སེམས། སྔ་མ་རྡབ་ཆག་ཤོར་སར། ཕྱི་མ་གད་མོ་མ་དགོད། ངུ་དགོས་པའི་དཀའ་ལས་མ་བརྒྱབ་ན། དགོད་དགོས་པའི་ཟ་མ་མི་རག
གཏམ་དཔེ་གསུམ་པ།
འགྲོ་རོགས་གྲིབ་མ་ནག་རིལ། འདུག་རོགས་པུས་མོ་སྐྱ་རིལ། བརྒྱ་བཤད་སྟོང་ལ་བསྐོར་ཡང་། ཡོས་ལ་འབབ་རྒྱུ་རྩམ་པ་རེད། གལ་པོ་ཆེ་ལ་ནན་ཏན། དམ་པའི་ཆོས་ལ་བརྒྱ་ཚར། རྒས་མོ་འཆི་ཁར་འདར་ཁྲུག་ཁྲུག ཕྲུ་གུ་ངུ་ཁར་དགོད་ཚེར་ཚེར། བརྒྱའི་དཀྱིལ་ནས་བདམས། སྟོང་གི་དཀྱིལ་ནས་བསྒྲུགས།
གཏམ་དཔེ་གཉིས་པ།
ཁ་བཤད་ཆུའི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཁ་མང་གྱོད་ཀྱི་རྩ་བ། བྱ་མང་བྱུར་གྱི་སྣ་འདྲེན། ཁ་ཁོག་པས་མ་གསང་། བློ་སྒྱུ་མས་མ་བསྐུམས། ཁ་སོ་མེད་ཟས་དང་བྲལ། མི་རྒྱུ་མེད་གཉེན་དང་བྲལ། ཁྲལ་ལ་གསེར་ཕྱེ་འཇལ། ཁ་ལ་རམ་པ་ཟ། ཁ་བཏགས་རིང་ནི་གང་ཡོང་།
