འགྲོ་རོགས་གྲིབ་མ་ནག་རིལ། འདུག་རོགས་པུས་མོ་སྐྱ་རིལ།
བརྒྱ་བཤད་སྟོང་ལ་བསྐོར་ཡང་། ཡོས་ལ་འབབ་རྒྱུ་རྩམ་པ་རེད།
གལ་པོ་ཆེ་ལ་ནན་ཏན། དམ་པའི་ཆོས་ལ་བརྒྱ་ཚར།
རྒས་མོ་འཆི་ཁར་འདར་ཁྲུག་ཁྲུག ཕྲུ་གུ་ངུ་ཁར་དགོད་ཚེར་ཚེར།
བརྒྱའི་དཀྱིལ་ནས་བདམས། སྟོང་གི་དཀྱིལ་ནས་བསྒྲུགས།
མགོ་ལ་དཔག་པའི་ཞྭ་མོ་དང་། ཁ་ལ་དཔག་པའི་སོ།
གདོང་པ་ཁྲག་མེད་ཀྱི་གཉེན་ལས། ངོ་ཚ་ཁྲེལ་ཡོད་ཀྱི་དགྲ་དགའ།
རྒོད་ཕྲུག་ལ་གཤོག་རྩལ་རྒྱས་པ། ངང་ཕྲུག་ལ་རྐྱལ་རྩལ་རྫོགས་པ།
རྒྱུ་ཡོད་ན་བུ་མོ་སྤུན། རྒྱུ་མེད་ན་བུ་མོ་དཔོན་གཡོག
དགོང་མོ་མི་ཉལ་རྟ་དང་འདྲ། ཞོགས་པ་མི་ལངས་བ་དང་འདྲ།
སྒྲོན་མེ་འོད་གསལ་ཡང་། རང་གི་ཞབས་ར་མི་མཐོང་།
རྒྱལ་པོ་ཁྲི་ལ་བཞུགས་ཀྱང་། སྤྱན་མིག་སྡེ་ལ་གཟིགས།
རྒྱུ་མི་དགོས་ཟེར་མི་སྨྱོན་པ་རེད། ཟས་མི་དགོས་ཟེར་མི་ནད་པ་རེད།
འགྲོ་ཞི་མི་ལས་མཁས་པ་དང་། སྡོད་རི་བོང་ལས་ཙོག་པ།
འགྱེལ་བའི་སྒང་ལ་རྡོག་བརྫིས། མུ་གེའི་སྒང་ལ་ཟླ་ལྷག
གྲོགས་ངན་བསྟེན་ན། སྤྱོད་ངན་ཤུགས་ཀྱི་འགོ།
གྲོས་མི་ལ་དྲིས། ཐག་རང་གིས་གཅོད།
གྲི་རྣོ་མེད་ལག་ལ་གཟན། གཏམ་དོན་མེད་རྣ་བར་གཟན།
གྲོག་མ་འགྲོ་འགྲོ་མང་ན། རྐང་ལག་ཐང་ཆུས་འཛིན།
གྲྭ་པའི་སྡོམ་པ་རང་ལག་ཡོད། བཙུན་མའི་སྡོམ་པ་མི་ལག་ཡོད།
རྒྱུ་མ་རློན་པ་གྲིས་མི་ཆོད། རྒྱུ་མ་རིང་པོས་ལས་མི་ཚར།
གྲོགས་པོས་བསླུ་དུས་དགོད་བཞིན་བསླུ། ཁྲམ་པས་བསླུ་དུས་ངུ་བཞིན་བསླུ།
གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ། གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འཕེལ།
དགྲ་འཁྲུགས་པ་ལྷ་ཡི་ཡུལ་དུ་ཡོད། གཉེན་བསྒྲིགས་པ་སྲིན་པོའི་ཡུལ་ལའང་ཡོད།
རྒྱལ་པོའི་བཀའ་ཁྲིམས་ནོར་གྱིས་བཤིགས། སྒོམ་ཆེན་ཕྱག་རྒྱ་ཤིག་གིས་བཤིགས།
བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་། སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པ།
མགོ་ཐོག་ལ་བྱ་འཕུར་མ་མྱོང་། རྐང་འོག་ལ་ཁྱི་འཛུལ་མ་མྱོང་།