ཁ་བཤད་ཆུའི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ།
ཁ་མང་གྱོད་ཀྱི་རྩ་བ། བྱ་མང་བྱུར་གྱི་སྣ་འདྲེན།
ཁ་ཁོག་པས་མ་གསང་། བློ་སྒྱུ་མས་མ་བསྐུམས།
ཁ་སོ་མེད་ཟས་དང་བྲལ། མི་རྒྱུ་མེད་གཉེན་དང་བྲལ།
ཁྲལ་ལ་གསེར་ཕྱེ་འཇལ། ཁ་ལ་རམ་པ་ཟ།
ཁ་བཏགས་རིང་ནི་གང་ཡོང་། དཀར་ཁ་གཙང་བ་ཡག་འདུག
ཁྲིམས་ཁྲ་མས་བཅད། ཤ་སྟ་གྲིས་གསེས།
ཁ་མཆུ་དངུལ་གྱི་རྒྱག་པ་ལ། བདེན་པ་དགོས་ཡས་མི་འདུག
ཁལ་བོང་བུས་འཁྱེར་བར། རྒྱ་ལམ་སྐེད་པ་ན་དགོས་མེད།
ཁམ་བུ་ཟ་འདོད་མ་རེད། སྐྱུར་མོ་སློང་འདོད་རེད།
ཁྱི་རྒན་རུས་བཟུང་དང་། མི་རྒན་མགོ་མཁྲེགས།
ཁྱིམ་མཚེས་ཞེ་སྡང་མེད་ན། གྲོང་ལ་ཡར་རྒྱས་མེད།
འཁྱག་པ་མ་མཐོང་ན། ཆུ་ལ་གདུང་སེམས་མི་སྐྱེ།
ཁ་སངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ།
ཁོང་ཁྲོ་གཡག་ལ་ཟ། རྡོག་རྒྱག་རྟ་ལ་གཞུས།
ཁ་གནམ་ལ་ལྟ་རིང་། རྐུབ་ཕོ་རོག་གིས་འདྲུས།
ཁ་ལ་ཟ་འདོད་ན། ལག་པའི་ལས་ཀ་བྱེད།
ཁ་ནང་གི་རྨ་ཁ་ཁ་ནང་དུ་གསོས། ཁྱིམ་ནང་གི་ཁ་རྩོད་ཁྱིམ་ནང་ཞི།
ཁ་བདེ་པོ་མི་ཡི་དཔོན་པོ་དང་། ལག་བདེ་པོ་མི་ཡི་གཡོག་པོ་ཡིན།
ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་རུམ་དུ་བཅུག་ན་ལྷགས་པ་མེད།
ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་། བོང་བུས་མ་ཕྱིན་ལམ་འཕྲང་མང་།
ཁ་ཏ་ཞོ་བསྙལ་བསྙལ་ལ། ཆག་སྒོ་ཆང་ལངས་ལངས།
ཁ་བདེ་ཅན་གྱིིས་ཅི་ཤོད་དང་། དང་ཁ་ཅན་གྱིས་ཅི་ཟ།
ཁ་ལང་ལ་ཤོར་བའི་གླུ་ཆུང་དེ། ཕ་ཨ་མ་ཤི་ཡང་ལྷང་ལྷང་ལེན།
ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། གནས་ལུགས་བཤད་ན་བུ་མོ་ཕེར་ཤ་ཟེར།
མཁས་པའི་ཡོན་ཏན་ཁོག་པའི་ནང་ལ་ཡོད། ལྐུགས་པའི་ཡོན་ཏན་ལྕེའི་རྩེ་ལ་ཡོད།