སྐུ་སྟོད་ལ་བསྟོད་ར་དང་། སྐུ་སྨད་ལ་སྨད་ར།
སྐེ་ཁྱེར་ནས་ཞགས་པ་ཉོ་བ་དང་། རྫ་ཁྱེར་ནས་རྡོ་ཉོ་བ།
རྐུ་རྒྱུས་ཡོད་ཀྱི་བྱེད། རྫུན་རྒྱུས་མེད་ཀྱིས་ཤོད།
སྐྱིད་སྡུག་ཞུ་ས་དཔོན་པོ་དང་། གྲང་ལྟོགས་ཤོད་ས་ཕ་མ།
དཀའ་ལས་རང་གིས་བརྒྱབས། ལོངས་སྤྱོད་མི་ཡིས་བཏང་།
བཀྲ་ཤིས་པའི་གླུ་ལེན་སར། ལྟས་ངན་པའི་སྡུག་སྐད།
སྐྱིད་པོ་ཉིས་རྩེག་མེད་པའི། སྡུག་པོ་སུམ་རྩེག།
སྐྱིད་པོ་རང་གི་མ་བྱས་ན། སྡུག་པོ་མི་ཡིས་གཏང་ཡོང་།
སྐྱིད་དུས་མགོ་འཕང་མ་མཐོ། སྡུག་དུས་རང་སེམས་མ་ཞུམ།
དཀོར་གཉེར་དག་འདོད་ཆེ་ན། གསེར་སྐུ་ཟངས་ལ་བསྒྱུར།
སྐྱག་རྫུན་དཔོན་གྱི་བཤད། ཉེས་པ་གཡོག་ལ་བཀལ།
སྐད་ཆ་བསམས་ནས་བཤད་དགོས། རྩམ་པ་ལྡད་ནས་མིད་དགོས།
སྐྱིད་པོ་ལ་སྒུག་ལོང་དང་། སྡུག་པོ་ལ་སངས་དུས་ཡོད།
དཀའ་བའི་བྲག་དང་མ་ཐུག་ན། བདེ་བའི་ཐང་ལ་སླེབས་མི་ཐུབ།
རྐུན་ཇག་བཟུང་ན་གཏེ་པོ་ཟུངས། རྩྭ་ངན་བཀོག་ན་རྩ་བ་འདོན།
སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། སྡུག་ན་རང་གི་བུ་ཡང་བྲོས།
སྐྱིད་ན་ཇ་ཆང་མཉམ་འཐུང་། སྡུག་ན་རང་སེམས་གསོ་རོགས།
དཀའ་བའི་དུས་སུ་གྲོགས་པོ་བཟང་ངན་རྟོགས། འདམ་རྫབ་ནང་དུ་རྟ་ཕོའི་ཤེད་ཤུགས་ཤེས།
བསྐོས་པའི་མི་དང་བཙུགས་པའི་ཤིང་། མངགས་པའི་མི་དང་འཕངས་པའི་མདའ།
ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ་དང་། ཤ་ཁོག་གཅིག་ནས་གཏུབས་པའི་ཏིག་ག
སྐྱིད་ཀྱི་རྟ་ཕོ་མཉམ་བཞོན། སྡུག་གི་ཁུར་པོ་མཉམ་འཁུར།
སྐྱུར་མོ་ཞིག་དང་མ་འཕྲད་ན། མངར་མོ་ཐམས་ཅད་ཅང་ཅང་ཡིན།
སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ལས་ལ་གྲུབ་པའི་མཐའ་དགོས།