འཇུ་ཚོད་ཀྱི་ལྟོ་དང་། ཐེག་ཚོད་ཀྱི་ལས།
འཇིག་རྟེན་མི་ལ་ཚེ་རོགས་དགོས། ཚེ་རོགས་མེད་ན་སྟོང་སྟོང་རེད།
ལྗོན་ཤིང་གསོ་བར་ལོ་བཅུ་དང་། མི་བཟང་གསོ་བར་ལོ་བརྒྱ།
ཇོ་ལགས་སྐུ་ཐང་མཉེས་རོགས། ཤ་ཁྱི་རྐང་པ་ཚ་རོགས།
རྗེས་སུ་སྟེར་དགོས་ཟེར་ན་དགའ་མི་དགོས། རྗེས་སུ་རྡུང་དགོས་ཟེར་ཡང་སྡུག་མི་དགོས།
ཉིན་མོ་ལ་གཉིད་ཉལ། ཟླ་དཀར་ལ་ཤིག་སྒྲུག
ཉམ་ཐག་འགྲོ་བ་མ་བསྐྱབས་ན། སྙིང་རྗེ་བསྒོམས་ཀྱང་ཅི་ལ་ཕན།
གཉེན་ཚང་བཟང་ཡང་ལྟོ་དུས་གཅིག ཞིང་ཆུང་ངན་ཡང་བརྒྱབ་འཁུར་གཅིག
སྙིང་རྗེ་པོ་ཙི་ཙིའི་ཕྲུ་གུ། རྒན་ལོངས་ནས་རས་ཕད་འབིགས་མཁན།