བཅོ་ལྔ་མཆོད་པ་ཞེ་པོ་ཡོད་ན། ཉི་མའི་དགུང་ལ་ཐོན་ཤོག
ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན། མི་གསུང་དགུ་གསུང་མ་གསུངས་ཤིག
གཅིག་འོག་གཅིག་གིས་མ་ནོོན། གཅིག་ཁོག་གཅིག་གིས་མ་ལོན།
ཆུང་ཆུང་བློས་ཀྱིས་མི་གཏོང་། ཆེན་པོ་གར་སོང་མ་ཤེས།
ཆོས་སྐྱོང་རང་མགོ་མི་ཐོན། མགོ་ནག་མི་ཡི་སྲོག་སྐྱོབ།
ཆུ་འཚོགས་པའི་སྣོད་ཡོད་ཀྱང་། གཏམ་འཚོགས་པའི་སྣོད་མེད།
ཆུ་མ་བྱུང་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་བཟློག་པ།
ཆུ་ཁར་མཉན་པས་གང་བཤད་དང་། ལ་ཁར་ཇག་པས་གང་བཤད།
ཆག་རྟ་ཕོས་བཟས། ཡ་ལ་བོང་བུར་བཀལ།
ཆོས་མི་ལ་ཤོད་པར། རང་ཉིད་སྡོམ་པ་གཙང་དགོས།
ཆུ་ཐོན་ཟམ་པ་བརྗེད། རྨ་གསོས་ན་ཚ་བརྗེད།
ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།