• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས།
    • གཞོགས་འདེགས་ཀློག་དེབ།
    • གཞོགས་འདེགས་རྒྱུ་ཆ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

ང་ལོ་བཞི་བཅུ་ཡིན།

ཉི་མ།   ཁྱེད་རང་ལོ་ག་ཚོད་ཡིན་ནམ།
ཟླ་བ།   ང་ལོ་བཞི་བཅུ་ཡིན།
ཉི་མ།   བྱས་ན། ཁྱེད་ཀྱི་ཕ་མ་གཉིས་ལོ་ག་ཚོད་རེད་དམ།
ཟླ་བ།   ངའི་ཕ་ལོ་བདུན་ཅུ་རེད། ང་ཚོ་ཆུང་དུས་ཨ་མ་གྲོངས་པ་རེད། ཨ་མ་ལགས་ཁོང་ད་ལྟ་གསོན་པོར་བསྡད་ཡོད་ན་ལོ་དྲུག་ཅུ་རེ་ལྔ་རེད།
ཉི་མ།   ཁྱེད་རང་ལ་སྤུན་མཆེད་ག་ཚོད་ཡོད་དམ།
ཟླ་བ།   ང་ལ་གཅེན་མོ་གཅིག་དང་གཅུང་པོ་གཅིག་ལས་མེད།
ཉི་མ།   ཁྱེད་ཀྱི་གཅེན་མོ་ལོ་ག་ཚོད་རེད་དམ།
ཟླ་བ།   གཅེན་མོ་ང་ལས་ལོ་བཞིའི་རྒན་པ་རེད།
ཉི་མ།   ཁྱེད་ཀྱི་གཅུང་མོ་ལོ་ག་ཚོད་རེད་དམ།
ཟླ་བ།   ངའི་གཅུང་མོ་ང་ལས་ལོ་བཅོ་བརྒྱད་ཀྱི་ཆུང་བ་རེད།
ཉི་མ།   ཁྱེད་ཚོ་མིང་སྲིང་དབར་ལོ་ན་རྒན་གཞོན་གྱི་ཧེ་བག་ཆེན་པོ་འདུག་ག
ཟླ་བ།   ང་ཚོ་གསུམ་ལས་ཆུང་ཤོས་དེའི་ཨ་མ་ཁག་ཁག་རེད།
ཉི་མ།   བྱས་ན། རྒན་པ་གཉིས་ཕ་མ་གཅིག་པ་དང་། འོག་མ་དེ་ཕ་གཅིག་པ་རེད་དམ།
ཟླ་བ།   རེད། ངའི་གཅུང་མོ་དེ་ཕའི་ཆུང་མ་གཉིས་པའི་ཕྲུ་གུ་རེད།
ཉི་མ།   ཁྱེད་ཚོ་སྤུན་མཆེད་ཚོ་ཕན་ཚུན་འབྲེལ་བ་གང་འདྲ་ཡོད་དམ།
ཟླ་བ།   ངེད་གཉིས་ཀྱིས་འོག་མར་གཅེས་པོ་བྱེད་ཀྱི་ཡོད་ལ། འོག་མས་ཀྱང་ང་ཚོར་བརྩི་པོ་དང་བརྩེ་བ་སྤྲོད་ཀྱི་རེད། དེ་འདྲ་སོང་ཙང་། ང་ཚོ་ཕན་ཚུན་དུང་བ་ཟབ་ལ་འཆམ་པོ་དང་། འབྲེལ་བ་དམ་ཟབ་ཡོད།
ཉི་མ།   འོ་ན། མ་ཚབ་དེ་གང་འདྲ་འདུག་གམ།
ཟླ་བ།   མ་ཚབ་ཀྱིས་ང་ཚོ་གཉིས་སོ་སོའི་ཕྲུ་གུ་ནང་བཞིན་གསོ་སྐྱོང་བྱས་བྱུང་། ཁོང་གིས་བརྩེ་བ་སྤྲད་པ་ནང་བཞིན་ཨ་མ་སུས་ཀྱང་གནང་ཐུབ་མདོག་ཁ་པོ་མ་རེད་བསམ་གྱི་འདུག ཁོང་ང་ཚོའི་ཨ་མ་གཉིས་པ་རེད། ཁོང་གིས་ང་གཉིས་ཕྱེད་དྭ་ཕྲུག་ཡིན་པའི་ཚོར་བ་སྤྲད་མྱོང་མེད། ཁོང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རེད།
ཉི་མ།   བྱས་ན། ཁྱེད་ཚོའི་ཁྱིམ་ཚང་དེ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་རེད་འདུག

ཕལ་སྐད།
ང་ཚོའི་ཕྱོགས་ལ་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག
ང་ཚོའི་ཕ་ཡུལ་བོད་རེད།

This website is funded by DANIDA through CICED