(པད་མ་དང་དབང་མོའི་གླེང་མོལ།)

ཁྱེད་ཀྱིས་བསྟོད་པ་བྱེད་སའི་མི་དེ་སུ་རེད་དམ།

ངས་བསྟོད་པ་བྱེད་ས་༧གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་ཡིན།

ཁྱེད་ཀྱིས་སྨད་པ་བྱེད་སའི་མི་དེ་སུ་རེེད་དམ།

ངས་སྨད་པ་བྱེད་ས་རང་འདོད་ཅན་གྱི་མི་དེ་ཚོ་ཡིན།

ཁྱེད་ཀྱིས་དགའ་པོ་བྱེད་སའི་མི་དེ་སུ་རེད་དམ།

ངས་དགའ་ས་ཕ་མ་གཉིས་ཡིན།

ཁྱེད་ཀྱིས་མི་དགའ་བ་བྱེད་སའི་མི་དེ་སུ་རེད་དམ།

ངས་མི་དགའ་ས་དགྲ་བོ་ཡིན།

ཁྱེད་ཀྱིས་གཅེས་པོ་བྱེད་སའི་མི་དེ་སུ་རེད་དམ།

ངས་གཅེས་ས་གཅུང་པོ་དང་གཅུང་མོ་ཡིན།

ཁྱེད་ཀྱིས་བརྩེ་བ་སྤྲོད་སའི་མི་དེ་སུ་རེད་དམ།

ངས་བརྩེ་ས་ཕ་མ་དང་སྤུན་མཆེད་ཚོ་ཡིན།

ཁྱེད་ཀྱིས་ཡིད་སྨོན་བྱེད་སའི་མི་དེ་སུ་རེད་དམ།

ངས་ཡིད་སྨོན་བྱེད་ས་ཤེས་ཡོན་ཅན་གྱི་མི་སྣ་དེ་ཚོ་ཡིན།

ཁྱེད་ཀྱིས་གུས་བཀུར་བྱེད་སའི་མི་དེ་སུ་རེད་དམ།

ངས་གུས་བཀུར་བྱེད་ས་ཕ་མ་དང་། དགེ་རྒན། ལོ་ན་རྒན་པ་ཚོ་ཡིན།

ཁྱེད་ཀྱིས་གྲོགས་པོ་བསྒྲིག་སའི་མི་དེ་སུ་རེད་དམ།

ང་འགྲོག་ས་གྲོགས་མཆོག་ཚོ་ཡིན།

ཁྱེད་ཀྱིས་དད་པ་བྱེད་སའི་མི་དེ་སུ་རེད་དམ།

ངས་དད་པ་བྱེད་ས་སངས་རྒྱས་བཅོམ་ལྡན་འདས་ཡིན།