གཟུགས་མཐོང་བརྙན་འཕྲིན་དང་ཀམ་པུ་ཀྲར་ཐོག་དུས་ཚོད་གཏོང་དྲགས་ན།

ལས་ཀ་དང་སློབ་སྦྱོང་གི་དུས་ཚོད་གཏོང་དགོས་རིགས་ཕུད། དེ་མིན་གྱི་དུས་གསེང་སྐབས་གཟུགས་མཐོང་བརྙན་འཕྲིན་དང་། ཀམ་པུ་ཀྲར་ཐོག་དུས་ཚོད་མང་པོ་གཏོང་བ་དེས། མིག་ལ་གནོད་པར་མ་ཟད། དུས་ཚོད་འཕྲོ་བརླག་དང་། Continue reading

ལས་ཀྱི་སྣེ་མོ་བས་འོས་འགན་ནི།

གལ་ཏེ་མ་འོངས་པར་ལས་ཀྱི་སྣེ་མོ་ལྟ་བུར་བསླེབས་ཚེ། རང་ལ་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ལ་འབྲེལ་བ་དམ་ཟབ་ཀྱིས་ཁོང་ཚོའི་བདེ་སྡུག་ཤེས་རྟོགས་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས། གཞན་གྱི་བསམ་འཆར་ཉན་ཏེ་ཁོང་ཚོའི་དཀའ་ངལ་དུས་ཐོག་སེལ་རོགས་བྱེད་པ་སོགས་མདོར་ན། Continue reading

བོད་ཕྲུག་གི་འོས་འགན་གསུམ་ནི།

ད་ལྟ་སློབ་སྦྱོང་བྱེད་པའི་དུས་སྐབས་ཡིན་པས། སྐྲ་ནག་པོའི་དུས་སུ་མ་བསྒྲུབ་ན། མགོ་དཀར་པོའི་དུས་སུ་གང་ནས་འགྲུབ་ཟེར་བ་ལྟར། ཞོགས་སྔ་ལངས་དང། དགོང་ཕྱི་ཉལ་གྱིས་འབྲེལ་ཡོད་སློབ་ཚན་ཁག་ལ་སྦྱང་བརྩོན་ལྷོད་མེད་བྱེད་དགོས་པ་སྨོས་མེད་ཐོག རང་ཉིད་ནང་པ་ཡིན་པའི་ཆ་ནས་ Continue reading

ང་ཚོས་གསུང་ཆོས་ཞུ་སྐབས་ཕྱག་ག་དུས་འཚལ་དགོས་སམ་ཞེ་ན།

གསུང་ཆོས་སྐབས་ཆོས་ཐུན་སོ་སོར་ཐོག་མར་དབུ་འཛུགས་སྐབས་གསོལ་འདེབས་ཀྱི་ཕྱག་དང། གྲོལ་བའི་མཚམས་བཀའ་དྲིན་གཏང་རག་གི་ཕྱག་གསུམ་རེ་འཚལ་དགོས་ནའང། གསུང་ཆོས་ཀྱི་ཉིན་མཐའ་མར་གསུང་ཆོས་གྲུབ་པའི་ Continue reading

ལས་ཀ་བྱེད་ཚུལ་ནི།

ལས་ཀ་གང་དང་གང་ལ་ཡང་རང་གི་ཐོག་མའི་དམ་བཅའ་མཐའ་འཁྱོངས་བྱེད་པ་ལས་ཕྱི་བཤོལ་བྱེད་རྒྱུ་མེད། སྐབས་རེ་འུ་ཐུག་ཡིད་ཐང་ཆད་དེ་ལྷམ་གྱི་ཆེད་དུ་རྐང་པ་གཞོགས་པའི་བྱེད་སྟངས་བྱས་ན། གྱོང་གུན་ཆེན་པོ་རག་ཉེན་ཡོད་པས་རང་གིས་རང་ལ་དཔའ་བཀོད་དེ་སྙིང་སྟོབས་བསྐྱེད་དགོས། Continue reading

རྒྱན་རྩེད་རྩེ་རྒྱུའི་ངན་ལང་ཤོར་ན།

ཤོ་སྦག་དང་ཏ་སེ་སོགས་རྒྱན་རྩེད་རིགས་ནི་སྡིག་ལས་ཡིན། དཔེར་ན། མི་སུ་ཞིག་ཡིན་ཡང་རྒྱན་རྩེད་རྩེ་བའི་སྐབས་ང་ཤོར་རོགས་བྱེད་ན་བསམ་མཁན་སུ་ཡང་མེད། རྩེད་མོ་བ་ཚང་མས་ང་ཐོབ་ན་བསམ་པའི་རེ་སེམས་དེས་དངུལ་ལ་ཆགས་སེམས་འཕེལ་བ་དང། ཐོབ་པའི་ཆེད་དུ་གཡོ་སྒྱུ་ Continue reading

ཆང་རག་འཐུང་རྒྱུའི་ངན་ལང་ཤོར་ན།

བདག་ཅག་གིས་སྟོན་པས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། རྩྭ་རྩེའི་ཟིལ་པ་ཙམ་ཡང་འཐུང་མི་བྱ། ཞེས་རོགས་ངན་པ་དང་འཕྲད་ནས་དེའི་དབང་དུ་སོང་སྟེ་ཐོག་མར་ཐེངས་འགའ་ཨའུ་ཙམ་མིན་འགྲོ་སྙམ་པ་དང་བཅས། ཧུབ་རེ་གཉིས་བཏུང་ནས་རིམ་པས་ཧམ་པ་ཆེ་རུ་ Continue reading

བོད་པས་སྐྱེས་སྐར་ཉིན་སྲུང་རྩི་ཞུ་ཚུལ་ནི།

དེང་སང་བོད་པའི་སྤྱི་ཚོགས་ནང་ཕྲུ་གུའི་སྐྱེས་ཚེས་སམ་སྐྱེས་སྐར་ཉིན་ཀེག་(སྤྲི་གོར)བཏུབ་པ་དང། ཡང་ལའི་སྒྲོན་མེར་ཕུ་བརྒྱབ་སྟེ་བསད་པ། མགོ་ལ་ཤོག་བུའི་ཞྭ་མོ་གཡོགས་པ་སོགས་ནུབ་ཕྱོགས་པའི་ལད་ཟློས་བྱེད་མཁན་མང་དུ་འགྲོ་གི་འདུག Continue reading

ཁོང་ཁྲོའི་ཉེས་དམིགས་ནི།

ཚེ་གཅིག་ལ་བསགས་པའི་བསོད་ནམས། ཁོང་ཁྲོ་གཅིག་གིས་འཇོམས་པ་ལྟར། ཁོང་ཁྲོས་རང་མི་སྐྱིད། མི་མི་སྐྱིད་བཟོ་བ་དེ་ཁོང་ཁྲོའི་ཡོན་ཏན་རེད། ཁོང་ཁྲོ་ཟ་བའི་དགོས་དོན་དཀའ་ངལ་སེལ་ཐུབ་པ་དང། སྡུག་བསྔལ་ཉུང་དུ་བཏང་ཐུབ་ན། ཁོང་ཁྲོ་ཟ་བའི་དགོས་པ་བྱུང་བ་རེད། Continue reading

ཚེ་རིང་པོ་ཡོང་ཐབས་ནི།

ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་ནས་ཚེ་རིང་པོ་ཡོང་ཐབས་བྱེད་པ་དང། ཚེ་དབང་ཚེ་སྒྲུབ་བྱེད་ནས་ཚེ་བསྲིངས་ཐབས། ཟས་སྤྱོད་འཕྲོད་བསྟེན་ལ་བརྟེན་ནས་ཚེ་འཕེལ་ཐབས་བྱས་པ་དེས་རང་དང་གཞན། འདི་དང་ཕྱི་མ། སྤྱི་དང་སྒེར་བཅས་པར་ཕན་པ་ཞིག་ Continue reading