ང་ཡང་བརྙན་འཕྲིན་ལྟ་ཡིན་ཡོད།

འབྱོར་བསྐྱལ།   གྲོགས་པོ། ཁྱེད་རང་ག་རེ་བྱེད་ཀྱི་ཡོད།
བག་བྲོ།         ངས་བརྙན་འཕྲིན་ལྟ་ཡིན་བསྡད་ཡོད། བག་བྲོ། ཁྱེད་རང་ག་རེ་བྱེད་ཀྱི་ཡོད།
འབྱོར་བསྐྱལ།   ང་ཡང་བརྙན་འཕྲིན་ལྟ་ཡིན་བསྡད་ཡོད། ཁྱེད་རང་ག་རེ་ལྟ་ཡི་ཡོད།
བག་བྲོ།         ངས་གློག་བརྙན་ལྟ་ཡི་ཡོད། ཁྱེད་རང་ག་རེ་ལྟ་ཡི་ཡོད། Continue reading→

ང་འདིར་ཟབ་སྦྱོང་ལ་བཅར་བ་ཡིན།

ལྷག་པ།     ཁྱེད་རང་འདིར་ག་དུས་སླེབས་སམ།
ཆོས་སྒྲོན།   ང་འདིར་སླེབས་ནས་བདུན་ཕྲག་གཅིག་ཙམ་ཕྱིན་སོང་།
ལྷག་པ།     ཁྱེད་རང་འདིར་ག་རེ་བྱེད་དུ་ཡོང་བ་ཡིན་ནམ།
ཆོས་སྒྲོན།   ང་འདིར་ཟབ་སྦྱོང་ལ་བཅར་བ་ཡིན།
ལྷག་པ།     ཟབ་སྦྱོང་ག་དུས་འགོ་འཛུགས་བྱེད་ཀྱི་ཡོད་དམ། Continue reading→

གནས་སྤོའི་ཡི་གེ་རེད་འདུག

ཡིག་སྐྱེལ།   དེ་རིང་ཡི་གེ་མང་པོ་ཞེ་དྲག་འདུག ཁྱེད་རང་ལའང་ཡི་གེ་ཞིག་འདུག
གྲགས་པ།   ང་ལ་ཨེ། སུས་བཏང་འདུག་གམ།
ཡིག་སྐྱེལ།   བཀའ་ཤག་ནས་རེད་འདུག
གྲགས་པ།   ངས་ལག་པ་བཙོག་པ་ཡིན། སྐུ་མཁྱེན། ཁྱེད་ཀྱིས་ཡི་གེ་དེ་མགྱོགས་པོ་ཁ་ཕྱེ་ནས་ཐེངས་གཅིག་ཀློགས་དང་། Continue reading→

ང་སྤུན་མཆེད་ཀྱི་ནང་ལ་སྡོད་ཀྱི་མེད།

ཡེ་ཤེས།      ཁྱེད་རང་འདིར་ག་རེ་བྱེད་ཀྱི་ཡོད།
དབང་མོ།    ང་ལྡི་ལིར་སློབ་སྦྱོང་བྱེད་ཀྱི་ཡོད།
ཡེ་ཤེས།      ད་ལྟ་ག་པར་སྡོད་ཀྱི་ཡོད།
དབང་མོ།    ང་བསམ་གཡས་གླིང་དུ་ཁང་པ་གླས་ནས་བསྡད་ཡོད།
ཡེ་ཤེས།      ཁྱེད་རང་གཅིག་པུ་ཡིན་ནམ།
དབང་མོ།    ང་གཅིག་པུ་ཡིན། Continue reading→

ང་ཚོའི་ཕ་ཡུལ་བོད་རེད།

བུ།           པ་ལགས། ང་ཚོའི་ཕ་ཡུལ་གང་རེད་དམ།
པ་ལགས།   བུ། ང་ཚོའི་ཕ་ཡུལ་བོད་རེད།
བུ།           ང་ཚོའི་ཕ་ཡུལ་རྒྱ་གར་མ་རེད་དམ།
པ་ལགས།   མ་རེད། དེ་ནི་ཁྱེད་ཀྱི་སྐྱེས་ཡུལ་ཡིན་པ་ལས་ཕ་ཡུལ་མ་རེད།
བུ།           འོ་ན། ང་ཚོ་ག་རེ་བྱས་ནས་ཕ་ཡུལ་ལ་སྡོད་ཀྱི་མེད། Continue reading→

ང་ལོ་བཞི་བཅུ་ཡིན།

ཉི་མ།   ཁྱེད་རང་ལོ་ག་ཚོད་ཡིན་ནམ།
ཟླ་བ།   ང་ལོ་བཞི་བཅུ་ཡིན།
ཉི་མ།   བྱས་ན། ཁྱེད་ཀྱི་ཕ་མ་གཉིས་ལོ་ག་ཚོད་རེད་དམ།
ཟླ་བ།   ངའི་ཕ་ལོ་བདུན་ཅུ་རེད། ང་ཚོ་ཆུང་དུས་ཨ་མ་གྲོངས་པ་རེད། ཨ་མ་ལགས་ཁོང་ད་ལྟ་གསོན་པོར་བསྡད་ཡོད་ན་ལོ་དྲུག་ཅུ་རེ་ལྔ་རེད། Continue reading→

ང་ཚོའི་ཕྱོགས་ལ་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག

བུ་མོ།   ཨ་མ་ལགས། ག་པར་ཡོད། ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་ནམ།
ཨ་མ།   ང་བདེ་པོ་ཡིན། ང་གླིང་སྐོར་དུ་འགྲོ་ཡི་ཡོད།
བུ་མོ།   ཕ་གིར་གནམ་གཤིས་གང་འདྲ་འདུག་གམ།
ཨ་མ།   ང་ཚོའི་ཕྱོགས་ལ་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག Continue reading→

ཁྱེད་རང་གི་ནང་བཙོག་པ་ཆགས་འདུག

བསམ་དཀར།   ཁྱེད་རང་གི་ནང་བཙོག་པ་ཆགས་འདུག ངས་གཙང་མ་བཟོ་རོགས་བྱེད་ཆོག
དབྱངས་སྐྱིད།   གོས་ལོག་དེ་ཚོ་ཚང་མ་བཙོག་པ་ཤ་སྟག་རེད། ད་བར་འཁྲུད་ལོང་རག་མ་བྱུང་།
བསམ་དཀར།   གོས་ལོག་དེ་ཚོ་སྡེབ་གཅིག་ལ་ལག་པས་བཀྲུས་ན་ཚར་གྱི་རེད་དམ། Continue reading→

ཟ་ཁང་འདི་ཡག་མདོག་ཁ་པོ་འདུག

ནོར་བུ།       ཟ་ཁང་འདི་ཡག་མདོག་ཁ་པོ་འདུག
དགྲ་འདུལ།   ཟ་ཁང་འདིའི་ཁ་ལག་ཧ་ཅང་བྲོ་བ་ཆེན་པོ་འདུག ང་ཟ་ཁང་འདིར་ཡང་ཡང་འོང་གི་ཡོད།
ནོར་བུ།       ཕ་གིར་བསྡད་དོ།།
དགྲ་འདུལ།   རེད།
ནོར་བུ།       ང་ལ་ཁ་ལག་གི་རེའུ་མིག་དེ་སྤྲོད་དང་།
དགྲ་འདུལ།   ག་རེ་མངག་དགོས་སམ། Continue reading→

ཁྱེད་རང་ངའི་མཉམ་དུ་དཔེ་མཛོད་ལ་འགྲོ་ཡི་ཡིན་ནམ།

རིན་ཆེན།       བསམ་གཏན། ཁྱེད་རང་ངའི་མཉམ་དུ་དཔེ་མཛོད་ལ་འགྲོ་ཡི་ཡིན་ནམ།
བསམ་གཏན།   ཡིན། སྔོན་ལ་ང་ཚོ་ཚགས་ཤོག་ཉོ་རུ་འགྲོ།
རིན་ཆེན།       རེད།
བསམ་གཏན།   ང་ཚོ་གོམ་པ་བརྒྱབ་ནས་འགྲོ་ཡི་ཡིན་ནམ། ཡང་ན། Continue reading→