ཁ་ལག་དེའི་བྲོ་བ་ཧ་ཅང་ཞིམ་པོ་འདུག

བདེ་སྐྱིད།   ཁ་ལག་གི་བྲོ་བ་གང་འདྲ་འདུག་གམ།
མགྲོན་པོ།   ཁ་ལག་དེའི་བྲོ་བ་ཧ་ཅང་ཞིམ་པོ་འདུག དེ་ཁྱེད་ཀྱིས་བཟོས་སམ།
བདེ་སྐྱིད།   ངས་བཟོས་པ་ཡིན། ཁྱེད་རང་ལ་ད་དུང་ཁ་སྣོན་བླུག་དགོས་སམ།
མགྲོན་པོ།   ཉུང་ཉུང་ཞིག་དགོས། ང་གྲོད་ཁོག་རྒྱགས་ཀྱང་སེམས་བརྒྱགས་མེད་པ་འདྲ། Continue reading→

ཡིག་རྒྱུགས་ཡག་པོ་བྱུང་སོང་།

ཨ་མ།     བུ། ཡིག་རྒྱུགས་སྤྲད་ཚར་སོང་ངམ། དགོན་པར་འཕྲིན་བཅོལ་ཕུལ་ཡོད། ཁྱེད་ཀྱིས་ཡིག་རྒྱུགས་ཡག་པོ་བྲིས་ཡོད་ཤག་རེད།
བུ།        ང་ཚོས་ཡིག་རྒྱུགས་བཏང་ཚར་བ་ཡིན།
ཨ་མ།    ཡིག་རྒྱུགས་གང་འདྲ་བྱུང་སོང་ངམ།
བུ།        ཡིག་རྒྱུགས་ཡག་པོ་བྱུང་སོང་། དྲི་བ་མང་ཆེ་བ་ལས་སླ་པོ་རེད་འདུག Continue reading→

ང་ཨ་རིར་སྡོད་མཁན་གྱི་བོད་པ་ཞིག་ཡིན།

ཚེ་སྒྲུབ།         ཁྱེད་རང་ཨ་རི་བ་ཡིན་ནམ།
སྒྲོལ་དཀར།    མིན། ང་ཨ་རིར་སྡོད་མཁན་གྱི་བོད་པ་ཞིག་ཡིན།
ཚེ་སྒྲུབ།         ཁྱེད་ཀྱིས་བོད་སྐད་བཤད་ཐུབ་ཀྱི་ཡོད་དམ།
སྒྲོལ་དཀར།    ངས་བོད་སྐད་ཆ་ཚང་བ་ཞིག་བཤད་ཐུབ་ཀྱི་མེད། Continue reading→

ཆམ་ནད་ཕོག་པ་མ་གཏོགས་བདེ་ཐང་ཡིན།

དབང་པོ།   ཁྱེད་རང་བདེ་པོ་ཡིན་ཤག་རེད།
རྒྱལ་པོ།     ཆམ་ནད་ཕོག་པ་མ་གཏོགས་བདེ་ཐང་ཡིན།
དབང་པོ།   ཁྱེད་རང་ལ་ཆམ་པ་ཕོག་ནས་བདུན་ཕྲག་གཅིག་ཕྱིན་པ་ཡོད།
རྒྱལ་པོ།     ད་བར་དུས་ཚོད་གང་འཚམས་སོང་ཡང་། ད་དུང་དྲག་སྐྱེད་བྱུང་མ་སོང་། Continue reading→

ངའི་དངུལ་ཁུག་སྟོར་འདུག

ཕུན་ཚོགས།     གྲོགས་པོ། ཁྱེད་རང་ལ་ག་རེ་བྱས་སོང་ངམ།
དབང་འདུས།   ད་ཡིན་ན་དཔེ་བསགས་སོང་། ངའི་དངུལ་ཁུག་སྟོར་འདུག
ཕུན་ཚོགས།     ཁྱེད་ཀྱི་དངུལ་ཁུག་དེ་རྐུ་ཤོར་བ་མ་རེད་དམ།
དབང་འདུས།   མ་རེད། ངའི་ཨམ་ཕྲག་ནས་ཟགས་ཡིན་གྱི་རེད།
ཕུན་ཚོགས།     ངས་ཁྱེད་རང་ལ་ Continue reading→

ང་ཁྲོམ་ལ་འགྲོ་རྩིས་ཡོད།

ལྷག་པ།     ཁྱེད་རང་ག་པར་འགྲོ་རྩིས་ཡོད།
དོན་གྲུབ།   ང་ཁྲོམ་ལ་འགྲོ་རྩིས་ཡོད།
ལྷག་པ།     ཁྱེད་རང་ཁྲོམ་ལ་ཉོ་ཆ་རྒྱག་ཏུ་འགྲོ་ཡི་ཡིན་ནམ།
དོན་གྲུབ།   མིན། ང་མི་ཞིག་ཐུག་དགོས་ཡོད།
ལྷག་པ།     ང་ཡང་ཁྲོམ་ལ་འགྲོ་དགོས་ཡོད།
དོན་གྲུབ།   ཁྱེད་རང་ངའི་མཉམ་དུ་འགྲོ་ཡི་ཡིན་ནམ།
ལྷག་པ།     ཡིན། Continue reading→

ངས་བོད་ཀྱི་དཔེ་མཛོད་ཁང་འཚོལ་བཞིན་ཡོད།

བསོད་ནམས།   ངས་བོད་ཀྱི་དཔེ་མཛོད་ཁང་འཚོལ་བཞིན་ཡོད། དེ་གང་དུ་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
དབྱངས་སྒྲོན།   དེ་གངས་ཅན་སྐྱིད་གཤོངས་སུ་ཡོད།
བསོད་ནམས།   འདི་ནས་ཐག་རིང་ཐུང་ག་ཚོད་ཡོད་དམ།
དབྱངས་སྒྲོན།   ཐག་ཉེ་པོ་རེད། Continue reading→

ང་གཞས་ལ་ཉན་རྒྱུ་ཧ་ཅང་དགའ་པོ་ཡོད།

བློ་བཟང་།   ཁྱེད་རང་ག་རེ་ཉན་གྱི་ཡོད།
ཟླ་བ།        ངས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་ལ་ཉན་གྱི་ཡོད།
བློ་བཟང་།   ལེ་ཚན་དེའི་ནང་ག་རེ་ལ་ཉན་གྱི་ཡོད།
ཟླ་བ།        ངས་གཞས་ཀྱི་ལེ་ཚན་ལ་ཉན་གྱིན་ཡོད། Continue reading→

ང་ནང་པ་མིན།

བོད་པ།   ངའི་མིང་ལ་དཔལ་ལྡན་ཟེར། ཁྱེད་ཀྱི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཨ་རི་བ།   ངའི་མིང་ལ་ཇོན་ཡིན། ཁྱེད་རང་ལ་ཐུག་པ་དགའ་པོ་བྱུང།
བོད་པ།   ཁྱེད་རང་ལུང་པ་གང་ནས་ཡིན་ནམ།
ཨ་རི་བ།   ང་ཨ་རི་ནས་ཡིན།
བོད་པ།   ཁྱེད་རང་བོད་ཀྱི་དཔེ་མཛོད་དུ་དཔེ་དེབ་ལྟ་ཀློག་ཆེད་སྐྱོད་མཁན་ཡིན་ནམ། Continue reading→

ཞོགས་པ་ཆུ་ཚོད་བདུན་པ་ཟིན་པར་སྐར་མ་བཅུ་ལ་ང་ཚོ་སློབ་གྲྭར་འབྱོར་དགོས།

ཨ་ནེ།   བུ་མོ། ཁྱེད་ཚོ་སློབ་གྲྭར་ག་དུས་འབྱོར་དགོས་སམ།
ཚ་མོ།   ཞོགས་པ་ཆུ་ཚོད་བདུན་པ་ཟིན་པར་སྐར་མ་བཅུ་ལ་འབྱོར་དགོས།
ཨ་ནེ།   ཞོགས་པའི་ཞལ་འདོན་ག་དུས་རེད་དམ།
ཚ་མོ།   ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་རེད། Continue reading→