ཡིག་རྒྱུགས་ཡག་པོ་བྱུང་ན་ལས་ཀ་འཚོལ་རྩིས་ཡོད།

ཀུན་བཟང།   གྲོགས་མོ། ཁྱེད་རང་ལང་རྒྱུ་ཡིན་ནམ།
ལྷ་སྐྱིད།        ལགས་འོང་། ཁེ་སང་ཡི་གེ་སྦྱངས་ནས་ཕྱི་པོ་བསྡད་ཙང་ཞེ་དྲག་ཉལ་མེད།
ཀུན་བཟང།   དེང་སང་ཁྱེད་ཚོ་ཡིག་ཚད་རེད་དམ།
ལྷ་སྐྱིད།        རེད། དེང་སང་ང་ཚོ་ཡིག་རྒྱུགས་ཀྱི་དུས་ཚོད་རེད། Continue reading

བསམ་སྐྱིད་ཟེར་ན་སུ་རེད་དམ།

ཚེ་བརྟན།      བསམ་སྐྱིད་ཟེར་ན་སུ་རེད་དམ།
འགྱུར་མེད།    མོ་ནི་རྩིས་དཔོན་དེ་རེད། ཁྱེད་ཀྱིས་ངོ་ཤེས་ཀྱི་རེད།
ཚེ་བརྟན།      བྱས་ན། མོའི་གཟུགས་དབྱིབས་གང་འདྲ་ཞིག་ཡོད་དམ། ངས་རྦད་དེ་བརྗེད་འདུག
འགྱུར་མེད།    མོ་ནི་གཟུགས་པོ་རིང་ཐུང་སྙོམ་ལ་ཤ་རྒྱགས་པ་ཡང་མ་ཡིན་ Continue reading

ངས་སྟོད་གོས་ཤིག་ཉོས་པ་ཡིན།

སྤེན་པ།    ཚེ་རིང་། དེ་རིང་ཁྱེད་ཀྱིས་ཁྲོམ་ནས་ག་རེ་ཉོས་ཡོད། ང་ལ་སྟོན་དང་།
ཚེ་རིང་།   འདིར་ལྟོས་དང་། ངས་གྱོན་ཡོད། གང་འདྲ་འདུག་གམ།
སྤེན་པ།    སྟོད་གོས་དེ་ཚོས་གཞི་གཞན་ཞིག་མི་འདུག་གམ།
ཚེ་རིང་།   སྟོད་གོས་གཅིག་ལས་ལྷག་མི་འདུག སྙིང་རྗེ་པོ་མི་འདུག་གམ། Continue reading

ང་ཚོ་ཡུ་རོབ་ལ་ཕྱིན་པ་ཡིན།

ནམ་མཁའ།   ཀུན་ཁྱབ། ཁྱེད་རང་མ་ཐུག་པར་ཡུན་རིང་ཕྱིན་སོང་།
ཀུན་ཁྱབ།     ཉེ་སྔོན་ང་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་པ་ཡིན།
ནམ་མཁའ།   དངོས་གནས་ཨེ། ཁྱེད་ཚོ་ག་པར་ཕྱིན་པ་ཡིན་ནམ།
ཀུན་ཁྱབ།     ང་ཚོ་ཡུ་རོབ་ལ་ཕྱིན་པ་ཡིན།
ནམ་མཁའ།   ཡུ་རོབ་ཀྱི་གྲོང་ཁྱེར་ཁག་ལ་ཕྱིིན་པ་ཡིན་ནམ། Continue reading

ང་ཚོ་སྣུམ་འཁོར་བཞོན་ནས་ཡུན་རིང་ཕྱིན་སོང་།

ཀུན་འཛོམས།   ཁྱེད་རང་ལྟོགས་ཀྱི་འདུག་གམ།
བདེ་སྐྱིད།       ག་རེ་བྱས་ནས་སྐད་ཆ་དྲིས་པ་ཡིན།
ཀུན་འཛོམས།   ང་ཚོ་སྣུམ་འཁོར་བཞོན་ནས་ཡུན་རིང་ཕྱིན་སོང་། ད་ཁ་ལག་ཟ་ས་ཡག་པོ་ཞིག་མགྱོགས་པོ་འཚོལ་དགོས། Continue reading

ཏོག་ཙམ་སྒུག་རོགས་གནང་།

སངས་རྒྱས།   ཝ་ཡེ། གཡུ་མཚོ་ཡིན་ནམ།
གཡུ་མཚོ།     ང་གཡུ་མཚོ་ཡིན། ཁ་པར་གཏོང་མཁན་སུ་ཡིན་ནམ།
སངས་རྒྱས།   ང་སངས་རྒྱས་ཡིན།
གཡུ་མཚོ།     ཏོག་ཙམ་སྒུགས་དང་།
སངས་རྒྱས།   ཝ་ཡེ། གཡུ་མཚོ། ཁྱེད་ཀྱིས་ང་བརྗེད་འདུག་གམ། ཁ་པར་མ་འཇོག་ཨང་། Continue reading

ཞོགས་པ་ངའི་སྣུམ་འཁོར་རྡུང་ག་ཐེབས་སོང་།

རིག་འཛིན།   ཁྱེད་རང་ནང་དུ་བདེ་པོ་འབྱོར་སོང་ངམ།
རྡོ་རྗེ།          ད་ང་ནང་ལ་སླེབས་གྲབས་ཡོད། འོན་ཀྱང་། ཞོགས་པ་ངའི་མོ་ཊ་རྡུང་ག་ཐེབས་སོང་།

རིག་འཛིན།   ཁྱེད་རང་ལ་རྨས་སྐྱོན་ཕོག་མ་སོང་ངམ།
རྡོ་རྗེ།          ངའི་སྐེ་ཅུང་ཟད་འཆུས་པ་ Continue reading

ང་ལ་ཕྲུ་གུ་གཉིས་ཡོད།

ཟླ་བ།         བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་།
ཆོས་འབྱོར།   བཀྲ་ཤིས་བདེ་ལེགས། ཁམས་བཟང་།

ཟླ་བ།         ཆོས་འབྱོར། ཁྱེད་རང་ལ་ཕྲུ་གུ་ཡོད་དམ།
ཆོས་འབྱོར།   ལགས་ཡོད།

ཟླ་བ།         ཁྱེད་རང་ལ་བུ་ཕྲུག་ག་ཚོད་ཡོད་དམ།
ཆོས་འབྱོར།   ང་ལ་ཕྲུ་གུ་གཉིས་ཡོད། བུ་གཅིག་དང་བུ་མོ་གཅིག་ཡོད། Continue reading

ཁྱེད་ཀྱིས་ངའི་སྐྱེས་སྐར་ཉིན་མོ་བརྗེད་མི་འདུག

གཅེན་མོ།   ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
གཅུང་མོ།   ཐུགས་རྗེ་ཆེ། ཁྱེད་ཀྱིས་ངའི་སྐྱེས་སྐར་ཉིན་མོ་བརྗེད་མི་འདུག
གཅེན་མོ།   ངས་ག་པར་བརྗེད་སྲིད་ཀྱི་རེད། ལག་རྟགས་འདི་ཁྱེད་ལ་ཡིན།
གཅུང་མོ།   འདི་ག་རེ་རེད། Continue reading

ང་ལ་ཟ་ཁང་ནས་མོག་མོག་སྡེར་མ་གཉིས་ཉོ་རོགས།

བྱམས་པ།   ལྷ་སྐྱིད། དེ་རིང་ཁྱེད་རང་ཁྲོམ་ལ་འགྲོ་ན། ཡིན་གཅིག་མིན་གཉིས་ང་ལ་ལན་ཞིག་སྤྲད་རོགས།
ལྷ་སྐྱིད།     ང་ཁྲོམ་དུ་ཉོ་ཆ་རྒྱག་ཏུ་འགྲོ་དགོས་ཡོད། ཁྱེད་རང་ལ་ལས་ཀ་ག་རེ་ཡོད།
བྱམས་པ།   བྱས་ན། སྐུ་མཁྱེན། ང་ལ་ཁྲོམ་ནས་གཅིག་ཉོ་རོགས། Continue reading