རང་གི་རང་བཀྱགས། སྐྱག་པས་རྐུབ་བཀྱགས།
རང་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་པང་དུ་བླངས།
རང་གི་མི་དེ་རང་གི་བསྟོད། རང་གི་ལྷ་དེ་རང་གིས་གསོལ།
བརླག་མཁན་ལ་སྡིག་པ་བརྒྱ། རྐུ་མཁན་ལ་སྡིག་པ་གཅིག
རང་དོན་ཁོག་ཏུ་བཅུག་ནས། གཞན་དོན་སྨིན་མ་ཟིང་ཟིང་།
རང་སེམས་ལ་ཉེས་པ་མེད་ན། །གཤིན་རྗེ་ལ་འཇིགས་པ་མེད།།
རང་གི་བཙོས་པའི་ཆང་དེ། ཞིམ་པོ་མེད་ནའང་འཐུང་དགོས།
རང་ངོ་ལ་གཡག་རྒྱུག་པ་མ་མཐོང། གཞན་ངོ་ལ་ཤིག་རྒྱུག་པ་མཐོང།
རང་དབང་ཐམས་ཅད་བདེ་བ་སྟེ། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།