རྗེས་མའི་ལོར་གནས་མཇལ་དུ་འགྲོ་ཡི་ཡིན།

བུ་མོ།        པ་ལགས། སྐུ་ཁམས་བཟང་།
པ་ལགས།   ཁམས་བཟང་།
བུ་མོ།        ཕ་མ་གཉིས་དང་ནང་མི་ལྷན་རྒྱས་སྐུ་གཟུགས་བདེ་པོ་ཡིན་ནམ། ད་ལྟ་ག་རེ་གནང་གི་ཡོད།
པ་ལགས།   ང་ཚོ་ཚང་མ་བདེ་པོ་ཡིན། སེམས་ཁྲལ་བྱེད་མི་དགོས། Continue reading→

ཁྱེད་ཀྱི་ཁ་བྱང་དེ་འབྲི་རོགས་གནང་།

པ་སངས།       ཝ་ཡེ། ཁྱེད་ཀྱིས་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཁ་བྱང་མཁྱེན་གྱི་ཡོད་དམ།
དབྱངས་ཅན།   ཡོད། དེ་ནི་དྷ་རྨ་ས་ལ་གངས་ཅན་སྐྱིད་གཤོངས་བོད་ཀྱི་སྨན་རྩིས་ཁང་རེད།
པ་སངས།       ཁྱེད་ཀྱིས་ཁ་བྱང་འདིར་འབྲི་རོགས་གནང་།
དབྱངས་ཅན།   ཁྱེད་ལ་སྨྱུ་གུ་དང་ཤོག་བུ་ཡོད་ན་ངས་འབྲི་ཆོག Continue reading→

ཁྱེད་ཀྱི་བོད་སྐད་ཡག་པོ་བསྐྱོན་གནང་སོང་།

ཕུར་བུ།   ཁྱེད་ཀྱི་མིང་ལ་གང་ཡིན་ནམ།
སྒྲོལ་མ།   ངའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད། ཁྱེད་རང་གི་མཚན་ལ་ག་རེ་ཞུ་ཡི་ཡོད།
ཕུར་བུ།   ངའི་མིང་ལ་ཕུར་བུ་ཟེར་གྱི་ཡོད།
སྒྲོལ་མ།   ཁྱེད་ཀྱིས་བོད་སྐད་ཡག་པོ་བསྐྱོན་གནང་སོང་། Continue reading→

ང་གཟའ་ཉི་མར་འཐོན་གྱི་ཡིན།

ཐུབ་བསྟན།    དེ་རིང་ཚེས་པ་ག་ཚོད་རེད་དམ།
དགེ་ལེགས།   དེ་རིང་ཕྱི་ཟླ་ལྔ་པའི་ཚེས་གཅིག་རེད། ཁྱེད་རང་གུང་སེང་ལ་ནམ་ཕེབས་ཀྱི་ཡིན་ནམ།
ཐུབ་བསྟན།    ང་གཟའ་ཉི་མར་འཐོན་གྱི་ཡིན།
དགེ་ལེགས།   བྱས་ན་སང་ཉིན་ཁྱེད་རང་སོག་ཡུལ་དུ་ཕེབས་མཁན་རེད་འདུག Continue reading→

འདི་བོད་ཀྱི་མགྲོན་ཁང་རེད།

སྣེ་ལེན་པ།   བཀྲ་ཤིས་བདེ་ལེགས། འདི་བོད་ཀྱི་མགྲོན་ཁང་རེད། ཁྱེད་ལ་ཕྱག་རོགས་ག་རེ་ཞུ་དགོས་སམ།
འགྲུལ་པ།    བཀྲི་ཤིས་བདེ་ལེགས། ཁང་མིག་སྟོང་པ་ཐོན་སོང་ངམ།
སྣེ་ལེན་པ།   ཁྱེད་རང་ལ་ཁང་པ་ག་དུས་དགོས་སམ།
འགྲུལ་པ།    ཟླ་བ་འདིའི་ཚེས་ ༢༥ ཉིན་དགོས་ཀྱི་འདུག Continue reading→

ང་དགེ་རྒན་ཞིག་ཡིན།

པ་སངས།   ཁྱེད་རང་ཕྱག་ལས་ག་རེ་གནང་གི་ཡོད་དམ།
བུ་འཁྲིད།   ང་དགེ་རྒན་ཞིག་ཡིན།
པ་སངས།   ཁྱེད་རང་གིས་སློབ་ཚན་ག་རེ་སློབ་གནང་གི་ཡོད།
བུ་འཁྲིད།   ངས་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད།
པ་སངས།   ཁྱེད་རང་སློབ་གྲྭ་གང་དུ་ཕྱག་ལས་གནང་གི་ཡོད་དམ། Continue reading→

ང་ལ་གླ་འཁོར་ཞིག་དགོས་ཀྱི་འདུག

ཁ་ལོ་པ།       ལྕམ་སྐུ་ཞབས་ལགས། ཁྱེད་རང་ལ་གླ་འཁོར་དགོས་སམ།
སྐལ་བཟང་།   ལགས་འོང། ང་ལ་གླ་འཁོར་ཞིག་དགོས་ཀྱི་འདུག
ཁ་ལོ་པ།       ཁྱེད་རང་ལ་ཅ་ལག་མང་ལོས་འཁྱེར་རྒྱུ་ཡོད་དམ།
སྐལ་བཟང་།   ང་ལ་སྒམ་གཉིས་ལས་མེད།
ཁོ་ལོ་པ།       ཁྱེད་རང་གི་ཅ་ལག་ Continue reading→

ཞོགས་པའི་ཆུ་ཚོད་བཅུ་པ་ཨེ།

བསྟན་འཛིན།   དེ་རིང་ཁྱེད་རང་ལ་ལས་ཀ་དམིགས་བསལ་མེད་ན། ངའི་མཉམ་དུ་ཞལ་ལག་མཆོད་དུ་ཕེབས་དང་།
ཆོས་འཕེལ།     ཁྱེད་རང་གི་བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག ང་གཉིས་ག་དུས་འཐོན་གྱི་ཡིན་ནམ།
བསྟན་འཛིན།   ཆུ་ཚོད་བཅུ་པའི་ཐོག་ཕེབས་ན་གང་འདྲ་འདུག་གམ། Continue reading→

ང་ལ་ཆུ་ཤེལ་ཕོར་གང་གནང་རོགས།

བཀྲ་ཤིས།     ཁྱེད་རང་ཞལ་ལག་ག་རེ་མཆོད་ཀྱི་ཡིན་ནམ།
དབང་ཕྱུག   གང་ཡང་མིན། ང་གྲོད་ཁོག་འགྲངས་འདུག།
བཀྲ་ཤིས།     འོ་ན། ཁྱེད་ཀྱིས་བཏུང་བ་ག་རེ་མཆོད་ཀྱི་ཡིན་ནམ།
དབང་ཕྱུག   ཁྱེད་རང་ལ་ག་རེ་ཡོད་དམ།
བཀྲ་ཤིས།     འཚིག་ཇ་དང་། མངར་ཇ། ཚྭ་ཇ། ཤིང་ཏོག་གི་ཁུ་བ་བཅས་མཆོད་ན་ཡོད། Continue reading→

ང་ལ་ས་ཁྲའི་ཐོག་ནས་སྟོན་རོགས་གནང་།

སློབ་ཕྲུག   རྒན་ལགས། དྷརྨ་ས་ལ་ག་པར་ཡོད་དམ།
དགེ་རྒན།   དེ་ནི་རྒྱ་གར་བྱང་ཕྱོགས་སུ་ཡོད།
སློབ་ཕྲུག   ཐུགས་རྗེ་གཟིགས། ང་ལ་ས་ཁྲའི་ཐོག་ནས་སྟོན་རོགས་གནང་།
དགེ་རྒན།   འདིར་གཟིགས་དང་། དེ་ནི་རྒྱ་གར་བྱང་ཕྱོགས་ཧི་མཱཅལ་ Continue reading→